ལི་ཁེ་ཆང་གིས་ཧ་སག་སི་ཐན་གྱི་གྲོས་ཚོགས་ཀྱི་གྲོས་ཁང་གོང་མའི་གྲོས་དཔོན་ཐའོ་ཁ་ཡེ་ཧྥའོ་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-07


 
        སྤྱི་ཟླ་12པའི་ཚེས་6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧ་སག་སི་ཐན་གྱི་གྲོས་ཚོགས་ཀྱི་གྲོས་ཁང་གོང་མའི་གྲོས་དཔོན་ཐའོ་ཁ་ཡེ་ཧྥའོ་ལ་མཇལ་འཕྲད་གནང་།
        ལི་ཁེ་ཆང་གིས་དེང་སྐབས་ཀྲུང་གོ་དང་ཧ་སག་སི་ཐན་བར་གྱི་ཆབ་སྲིད་ཡིད་ཆེས་རྒྱུན་ཆད་མེད་པར་གོང་འཕེལ་དང་དངོས་དོན་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་རེད། ཐོན་ནུས་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་འཕེལ་རྒྱས་གསར་པ་ཞིག་ཏུ་གྱུར་ཡོད་ལ།  ཀྲུང་གོའི་ཕྱོགས་ནས་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་ཧ་སག་སི་ཐན་གྱི་འོད་སྣང་གི་ལམ་ཞེས་པའི་དཔར་འབྱོར་གསར་པའི་འཆར་གཞི་སྔར་ལས་ལེགས་པའི་སྒོ་ནས་སྦྲེལ་མཐུད་བྱས་ཏེ་མཉམ་དུ་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་གཏང་འདོད། དེ་མིན་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྡེ་ཁག་གི་འབྲེལ་འདྲེས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་དམངས་སེམས་ཀྱི་རྨང་གཞི་བརྟན་པོ་འདིང་བ་དང་ཁྲིམས་ལུགས་དང་ལམ་ལུགས་ཀྱི་འགན་སྲུང་མཁོ་འདོན་བྱ་དགོས་ཞེས་བསྟན།
        ཐའོ་ཁ་ཡེ་ཧྥའོ་ཡིས་ཀྲུང་གོ་དང་མཉམ་དུ་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ་འཐབ་ཇུས་སྦྲེལ་མཐུད་དང་ཐོན་ནུས། མཉམ་སྦྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ནས་ཧ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་ཕྱིན་པར་འབད་བརྩོན་བྱ་འདོད་ཅེས་བསྟན།། 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1