རྒྱལ་ནང་གི་ཆེས་ཐོག་མའི་མཐོ་སྒང་ནགས་ཚལ་དངོས་མང་འགྲེམ་སྟོན་ཁང་དཀར་མཛེས་ནས་བསྐྲུན་རྒྱུ་རེད།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 12-07


        ཉེ་ཆར།  སི་ཁྲོན་ཞིང་ཆེན་ནགས་ལས་ཐིང་ལས་ཤེས་རྟོགས་བྱུང་པ་ལྟར་ན། རྒྱལ་ནང་གི་ཆེས་ཐོག་མའི་མཐོ་སྒང་ནགས་ཚལ་དངོས་མང་འགྲེམ་སྟོན་ཁང་དཀར་མཛེས་ཁུལ་རྟའུ་རྫོང་གཤིས་ཆུ་གྲོང་རྡལ་ཏུ་བསྐྲུན་རྒྱུའི་ཐག་བཅད།  འདི་ནི་རྒྱལ་ནང་དུ་ཆེས་ཐོག་མའི་མཐོ་སྒང་ནགས་ཚལ་བརྗོད་བྱར་བཟུང་པའི་དངོས་མང་འགྲེམ་སྟོན་གླིང་ག་ཞིག་ཡིན་པ་རེད།
        ཆར་གཞི་ལྟར་ན། དངོས་མང་འགྲེམ་སྟོན་གླིང་ནི་2018ལོར་ལེགས་འགྲུབ་བྱུང་ནས་སྒོ་འབྱེད་རྒྱུ་ཡིན་པ་དང་མ་དངུལ་སྒོར་དུང་ཕྱུར1.96གཏང་རྒྱུ་རེད། སྐྱེས་ཁམས་མཛེས་ལྗོངས་མ་ལག་དང་ནགས་ཚལ་བཟོ་ལས་དངོས་མང་བཤམ་སྟོན་ཁང་། མཐོ་སྒང་གི་རྩི་ཤིང་ཚོད་ལྟ་གླིང་དང་ནགས་ཚལ་བཟོ་ལས་མཐོང་སྣང་སོགས་ནང་གསེས་བཟོ་བཀོད་དྲུག་གིས་གྲུབ་པ་དང་། དངོས་མང་འགྲེམ་སྟོན་གླིང་ལ་ཚན་ཞིབ་ཀྱི་ནུས་པ་ལྡན་པ་མ་ཟད་སྐྱེས་ཁམས་ཁོར་ཡུག་ཁྱབ་བསྒྲགས་སློབ་གསོའི་ནུས་པའང་ལྡན། ལྟ་སྐོར་བ་རྣམས་ཀྱིས་དེའི་ནང་དུ་དུས་སྐབས་མི་འདྲ་བའི་མཐོ་སྒང་ནགས་ལས་ཉམས་སུ་མྱོང་ཆོག་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1