༄༅།། རྩ་ཁྲིམས་ནི་དུས་ནམ་ཞིག་ལ་ཇི་ལྟར་བྱུང་བ་ཡིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-08


     2014ལོའི་ཟླ11པའི་ཚེས1ཉིན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་ཐེངས་བཅུ་གཅིག་པའི་སྟེང་། ལོ་རེའི་ཟླ12པའི་ཚེས4ཉིན་ནི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོར་གཏན་ཁེལ་བྱས་ཤིང་། དུས་དེ་ནས་བཟུང་། ཟླ12པའི་ཚེས4ཉིན་རྩ་ཁྲིམས་དྲིལ་སྒྲོག་བྱ་འགུལ་རྒྱ་ཆེར་སྤེལ་རྒྱུ་གཙོ་བོར་བཟུང་བས་དེ་ལ་རྩ་ཁྲིམས་དྲིལ་སྒྲོག་ཉིན་མོ་ཞེས་བཏགས་པ་རེད།
     1982ལོའི་ཟླ12པའི་ཚེས4ཉིན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པའི་སྟེང་ད་ལྟ་སྤྱོད་བཞིན་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》འདི་གཏན་ལ་ཕབ་ཅིང་། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཡིན་པ་དང་རྒྱལ་སྐྱོང་དམངས་བདེ་ཡི་སྤྱིའི་སྒྲིག་ཡིག་ཅིག་ཀྱང་ཡིན། དེ་ལ་ཆེས་མཐོ་བའི་ཁྲིམས་ལུགས་ཀྱི་གོ་གནས་དང་ཁྲིམས་ལུགས་ཀྱི་དབང་ཆ། ཁྲིམས་ལུགས་ཀྱི་བྱེད་ནུས་བཅས་ཡོད། ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་ལེན་མཐར་ཕྱིན་ཡོང་རྒྱུ་ནི། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐོག་མའི་འོས་འགན་དང་རྨང་གཞིའི་བྱ་བ་ཡིན། རྒྱལ་ཡོངས་ཀྱི་མི་རིགས་སོ་སོ་དང་རྒྱལ་ཁབ་ཀྱི་ལས་ཁུངས་དང་དྲག་ཆས་ནུས་ཤུགས། ཏང་སྲིད་སོ་སོ་དང་སྤྱི་ཚོགས་ཚོགས་པ་སོ་སོ། ཁེ་ལས་ལས་དོན་རྩ་འཛུགས་སོ་སོས་ངེས་པར་དུ་རྩ་ཁྲིམས་ཚད་གཞིར་འཛིན་དགོས་པ་མ་ཟད། རྩ་ཁྲིམས་ཀྱི་དབང་ཤུགས་ལ་འགེབས་སྲུང་དང་། རྩ་ཁྲིམས་ལག་བསྟར་བྱེད་པའི་འགན་འཁྲིའང་ཁག་ཐེག་བྱེད་དགོས། རྩ་འཛུགས་དང་མི་སྒེར་གང་ཡིན་རུང་རྩ་ཁྲིམས་དང་བཅའ་ཁྲིམས་ལས་བརྒལ་རྒྱུའི་དམིགས་བསལ་གྱི་དབང་ཆ་གཅིག་ཀྱང་མེད་ལ། རྩ་ཁྲིམས་དང་བཅའ་ཁྲིམས་ལ་འགལ་བའི་བྱ་སྤྱོད་ཡོད་ཚད་ངེས་པར་དུ་རྩད་གཅོད་བྱ་དགོས། སྤྱི་ཚོགས་ཡོངས་ནས་རྩ་ཁྲིམས་ཀྱི་འདུ་ཤེས་མཐོར་འདེགས་གཏང་རྒྱུ་དང་། རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་གཏོང་བ། རྩ་ཁྲིམས་ལག་བསྟར་ལ་ཤུགས་སྣོན་བྱེད་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་ཐེངས་བཅུ་གཅིག་པའི་སྟེང་། ཟླ12པའི་ཚེས4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོར་གཏན་ཁེལ་བྱས་ཤིང་། རྒྱལ་ཁབ་ཀྱིས་རྣམ་པ་མི་འདྲ་བའི་སྒོ་ནས་རྩ་ཁྲིམས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་རྒྱ་ཆེར་སྤེལ་བཞིན་ཡོད། །

    (རྩོམ་ཡིག་འདི་ནི་མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས་པ་ཡིན།)



 



རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1