མཛོད་དགེ་རྫོང་གིས་སྒོར་ཁྲི་2000ལྷག་གིས་དྲོད་ལེན་གནད་དོན་ཐག་གཅོད་བྱས།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 12-12
ད་ལོར། མཛོད་དགེ་རྫོང་གིས་སྒོར་ཁྲི་2430ཡིས་གྲོང་ཁྱེར་ནང་གི་གཅིག་སྡུས་དྲོད་རླངས་མཁོ་འདོན་ལས་གྲྭ་ལག་བསྟར་བྱས། མིག་སྔར། རྫོང་སློབ་ཆུང་དང་བྱིས་སྙོར་ཁང་། བོད་ཡིག་སློབ་འབྲིང་དང་རྫོང་སློབ་འབྲིང་། རྫོང་ནད་རིགས་སྔོན་འགོག་ལྟེ་གནས། བོད་སྨན་ཁང་། རྒན་གསོ་ཁང་དང་མི་རིགས་བཅའ་སྡོད་སློབ་ཆུང་སོགས་སྤྱིའི་ཞབས་ཞུའི་ལས་ཁུངས་ཁག་གི་དྲོད་ལེན་གནད་དོན་ཐག་གཅོད་བྱས་ཡོད་པ་རེད།།