ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྒྱལ་ཁབ་ཆ་འཕྲིན་ཅན་གྱི་འཆར་འགོད་ལས་འབད་འཐབ་བྱེད་ཕྱོགས་དྲུག་གཏན་ལ་ཕབ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་དྲ་ལམ་རྒྱང་སྒྲོག་དྲ་བ། སྤེལ་དུས། 12-12
སྤྱི་ཟླ་12པའི་ཚེས་9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་ཀྱི་རྒྱུན་ལྡན་གནས་ཚུལ་སྒྲོག་སྤེལ་བྱེད་པའི་ཚོགས་འདུའི་སྟེང་། རྒྱལ་ཁབ་མཉམ་འབྲེལ་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཀྲོང་རོང་ཝུན་གྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྒྱལ་ཁབ་ཆ་འཕྲིན་ཅན་གྱི་འཆར་འགོད་ཀྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།
རྒྱལ་ཁབ་མཉམ་འབྲེལ་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཀྲོང་རོང་ཝུན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། འཆར་འགོད་ལས་དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་བསྟུན་ནས། ཕྱིན་ཆད་ཀྱི་འབད་འཐབ་བྱེད་ཕྱོགས་ཆེན་པོ་དྲུག་དང་། ལས་འགན་ཆེན་པོ་བཅུ། བཟོ་སྐྲུན་སྣ་ཁ་བཅུ་དྲུག ཐོག་མར་སྤེལ་བའི་འགུལ་སྐྱོད་བཅུ་གཉིས། སྲིད་ཇུས་དང་བྱེད་ཐབས་ཆེན་པོ་དྲུག་བཅས་གཏན་ལ་ཕབ་ཡོད། ནང་དོན་དེ་དག་ལ། དང་པོ། འཆར་འགོད་ལས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་སྤྱིའི་རེ་བ་གཏན་འཁེལ་བྱས་པ་དང་། གཉིས་པ། འཆར་འགོད་ལས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་དྲ་རྒྱའི་བདེ་འཇགས། ཆ་འཕྲིན་ཅན་དུ་བསྒྱུར་བ་སོགས་ཀྱི་སྤྱིའི་རེ་བར་དམིགས་ནས་ཕྱིན་ཆད་ཀྱི་འབད་འཐབ་བྱེད་ཕྱོགས་ཆེན་པོ་དྲུག་གཏན་འཁེལ་བྱས། གསུམ་པ། འཆར་འགོད་ལས་རྒྱལ་ཁབ་ཆ་འཕྲིན་ཅན་འཕེལ་རྒྱས་འཐབ་ཇུས་ཀྱི་རྩ་གནད་ལས་གཏན་ལ་ཕབ་པའི་འཕེལ་རྒྱས་ནུས་པ་ཇེ་ཆེར་གཏོང་བ་དང་། བཀོལ་སྤྱོད་ཆུ་ཚད་མཐོར་འདེགས་སུ་གཏོང་བ། འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་འཐབ་ཇུས་བྱེད་ཕྱོགས་ཆེན་པོ་གསུམ་ལ་དམིགས་ཏེ། ལས་འགན་ཆེན་པོ་གསུམ་བཀོད་སྒྲིག་བྱས། བཞི་བ། འཆར་འགོད་ལས་དེང་རབས་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་དང་ཞིང་སྡེའི་མི་གྲངས་དབུལ་ཐར་བྱེད་པ། སྤྱི་ཚོགས་ལས་དོན་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ། མི་དམངས་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བ་བཅས་ཁྱབ་ཁོངས་ཀྱི་ཆ་འཕྲིན་ཅན་བྱ་བ་གོ་གནས་གཙོ་བོར་བཞག ལྔ་བ། ལས་འགན་གཙོ་བོ་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་འདེད་གཏོང་ཆེད། འཆར་འགོད་ལས་ཁྲིམས་ལུགས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལམ་ལུགས་དང་སྒྲིག་གཞི་གསར་གཏོད་བྱེད་པ། དངུལ་བསྡུ་ཐབས་ལམ་རྒྱ་བསྐྱེད་པ། ནོར་སྲིད་དཔྱ་ཁྲལ་གྱི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ། དཔུང་སྡེ་འཛུགས་སྐྲུན་བྱེད་པ། རྨང་གཞིའི་ཁོར་ཡུག་ལེགས་བཅོས་བྱེད་པ་བཅས་ཕྱོགས་དྲུག་གི་སྲིད་ཇུས་དང་བྱེད་ཐབས་གཏན་འཁེལ་བྱས་པར་མ་ཟད། འཆར་འགོད་རྩ་འཛུགས་དང་ལག་བསྟར་བྱེད་པར་གཙིགས་འཛིན་བྱེད་པའི་ཐད་ལ་རེ་བ་བཏོན། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1