སྤྱི་ཟླ་12པའི་ཚེས་15ཉིན་གྱི་ཕྱི་དྲོར། ནག་ཆུ་ས་ཁུལ་གྱི་ཕྱུགས་ཟོག་ཐོན་རྫས་ཚོང་འདུས་སྐབས་བཅུ་པ་ནག་ཆུར་ཟབ་རྒྱས་ངང་འཚོགས་པ་དང་། ནག་ཆུ་ས་ཁུལ་གྱི་རྫོང་བཅུ་གཅིག་ནས་ཡོང་བའི་མཉམ་ལས་ཁང་དང་འགྲེམས་ཚོང་ཚོང་དུད། ཁེ་ལས་སོགས་མང་དག་ཅིག་ཐེངས་འདིའི་ཚོང་འདུས་ནང་ཞུགས་ཡོད་པ་དེ་དག་གིས་ཤ་དང་མར། འོ་མ། བལ། སྨན་རྩ་སོགས་ཁྱད་ལྡན་ཐོན་ཟོག་འགྲེམས་ཚོང་བྱ་རྒྱུ་རེད།།