དཀར་མཛེས་ཁུལ་གྱི་སྐབས་དང་པོའི་སློབ་ཆེན་སློབ་མའི་ལས་གཏོད་འགྲན་ཚོགས་བདེ་བླག་ངང་མཇུག་སྒྲིལ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 12-19


         སྤྱི་ཟླ་12པའི་ཚེས་16ཉིན།  དཀར་མཛེས་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་དང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། གུང་གཞོན་སྡེ་ཚོགས་ཁུལ་ཨུ་དང་སི་ཁྲོན་མི་རིགས་སློབ་གླིང་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་དུས་ཡུན་ཟླ་གཅིག་རིང་ལ་སྤེལ་པའི་ཁུལ་ཡོངས་ཀྱི་སྐབས་དང་པོའི་སླེབ་ཆེན་སློབ་མའི་ལས་གཏོད་འགྲན་ཚོགས་བདེ་བླག་ངང་སི་ཁྲོན་མི་རིགས་སློབ་གླིང་ནང་དུ་མཇུག་སྒྲིལ།  འགྲན་ཚོགས་ལ་ཞུགས་པའི་རྣམ་གྲངས་14ནང་དར་མདོ་གྲོང་ཁྱེར་གྱིས་ཅ་ཡུས་ནོར་གསོ་ཞིང་ལས་མཉམ་ལས་ཁང་གིས་ཨང་དང་པོའི་གྲུབ་འབྲས་བླངས།
        ཉིན་དེའི་ཕྱི་དྲོར། ཞིང་ཆེན་ལས་གཏོད་ཆེད་མཁས་པ་གསུམ་གྱིས་ཆེད་དུ་སློབ་གླིང་དེའི་ལས་གཏོད་རྣམ་གྲངས་ལ་ལྟ་སྐོར་དང་མཛུབ་སྟོན་བྱེད་པར་ཕེབས།  འགྲན་ཚོགས་ནང་ཞུགས་པའི་ཚན་ཆུང་རྣམས་ཀྱིས་རྣམ་གྲངས་འཆར་གཞི་ཐད་ལ་མཛུབ་སྟོན་གནང་ནས་སློབ་ཆེན་སློབ་མས་མིག་སྔའི་ལས་གཏོད་ལ་ངོས་འཛིན་དང་རྒྱུས་ལོན་བྱེད་པར་སྐུལ་འདེད་བཏང་།།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1