ཚོགས་འདུའི་སྟ་གོན་དང་གྲ་སྒྲིག ཚོགས་ཞུགས་མི་སྣ་ལྷན་འཛོམས།
འགོ་ཁྲིད་ཀྱིས་གསུང་བཤད་གནང་བཞིན་པ།
དཔྱད་གླེང་བྱེད་བཞིན་པ།
ཚོགས་ཞུགས་མི་སྣ་ཡོངས་ཀྱི་མཉམ་པར།
སི་ཁྲོན་ཞིང་ཆེན་སྔོན་གྱི་སྲིད་གྲོས་གཞོན་པ། སི་ཁྲོན་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ། སི་ཁྲོན་བོད་རིག་པ་ཞིབ་འཇུག་མགོ་འཛིན་ཡངས་གླིང་རྡོ་རྗེས་ཚོགས་མི་ཡོངས་ལ་འཚམ་འདྲི་ཞུས་ཤིང་། སི་ཁྲོན་སྲིད་གྲོས་ཀྱི་ཀྲུའུ་ཞུ་གཞོན་པ་ནོར་བུ་རྒྱལ་མཚན་དང་སྔོན་གྱི་སི་ཁྲོན་ཞིང་ཆེན་ཞིང་དཔོན་གཞོན་པ་ཧན་པང་ཡན་(韩邦彦)གྱིས་མགོ་ཚུགས་མཛད་སྒོར་གཏམ་བཤད་གནང་། པེ་ཅིང་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན། སི་ཁྲོན་བཅས་ནས་ཡོང་བའི་བོད་རིག་པའི་ཆེད་མཁས་པ་བརྒྱ་ཕྲག་ལྷག་བགྲོ་གླེང་ཚོགས་འདུར་ཞུགས། སི་ཁྲོན་ཞིང་ཆེན་བོད་རིག་པའི་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་20རིང་། བོད་རིག་གྲོས་དཔྱད་ཚོགས་འདུ་ཐེངས་དགུ་ལ་འཚོགས་པ་དང་། 《སི་ཁྲོན་ཞིང་ཆེན་བོད་རིག་པ་ཞིབ་འཇུག་དཔྱད་རྩོམ།》ལེའུ་17དཔེ་སྐྲུན་བྱས་ཤིང་། དེའི་ནང་ལེའུ་3བོད་ཡིག་གི་ལམ་ནས་དཔེ་སྐྲུན་བྱས། སྡོམ་པའི་དཔྱད་རྩོམ་600ལྷག་འགྲེམ་སྤེལ་བྱས་པ་དང་། དཔྱད་རྩོམ་འདི་དག་གིས་སི་ཁྲོན་ཞིང་ཆེན་བོད་རིག་པ་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་མངོན་ཡོད། ཐེངས་འདིའི་གྲོས་འཚོགས་ཀྱིས་སྤྱི་ཚོགས་ཀྱི་རྣམ་པ་གསར་པའི་འོག་བོད་རིག་པ་ཞིབ་འཇུག་གི་ལས་ཀ་ཐོག་མཐའ་བར་གསུམ་ནས། ཀྲུང་གོ་རང་བཞིན་ཅན་གྱི་གཞུང་ལུགས་ཁ་ཕྱོགས་དང་། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བས་མཛུབ་ཁྲིད་བྱེད་པ། མཐུན་སྒྲིལ་ཡར་རྒྱས་དང་ཞི་བདེ་བཟོད་སྒོམ་བྱ་བའི་རིག་གཞུང་སེམས་ཁམས་བཅས་རྒྱུན་འཁྱོངས་བྱ་དགོས་པའི་བླང་བྱ་བཏོན།
ཚོགས་འདུར་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཡི་བཀའ་སློབ་བརྟན་པོར་སེམས་ལ་བཟུང་སྟེ། བློ་སེམས་བརྟན་པོའི་ངང་ནས་མི་རིགས་རིག་གནས་ལ་ཡིད་ཆེས་དང་མི་རིགས་རིག་གནས་ལ་རང་འགུལ་གྱི་བསམ་བློ་བཙུགས་ཏེ། རང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དག་ལ་སློབ་སྦྱོང་དང་སྲུང་སྐྱོབ་རྒྱུད་འཛིན་བཅས་བྱ་དགོས། བོད་མི་རིགས་ཀྱི་རིགས་གནས་ནི་ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། བོད་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ལ་སྲུང་སྐྱོབ་དང་རྒྱུད་འཛིན་དར་སྤེལ་བྱེད་པ་ནི། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་རྒྱུད་འཛིན་དར་སྤེལ་བྱེད་པ་ཡིན། འདྲ་མཉམ་དང་བདེ་ཐང་། གྲུང་ཤ་དོད་པ། དངོས་ཐོག་བདེན་འཚོལ་གྱི་རིག་གཞུང་བྱ་འགུལ་སྤེལ་བར་ཤུགས་སྣོན་བྱས་ཏེ་རིག་གཞུང་གི་མཁའ་དབུགས་དར་འཕེལ་ཡོང་བ་དང་། བོད་རིག་པ་སྲུང་སྐྱོབ་བྱེད་པ། དེ་དང་ཆབས་ཅིག་ཏུ་གཏིང་ཟབ་ས་ནས་དེ་ཡི་སྤྱི་ཚོགས་འཆམ་མཐུན་དང་། དུས་རབས་མདུན་སྐྱོད། བདེ་ཐང་དཔལ་ཡོན་གྱི་རིག་གཞུང་ནང་དོན་དག་སྔོགས་འདོན་བྱ་རྒྱུ་དང་། ཕྱོགས་གཞན་ཞིག་ནས་ད་དུང་བོད་ཁུལ་གྱི་གཞི་རྩའི་གནས་ཚུལ་དང་རྒྱལ་ཡོངས་ཀྱི་གནས་ཚུལ་དངོས་ལ་ཞུགས་ནས། ཧུར་བརྩོན་གྱིས་དངོས་ཡོད་གནད་དོན་གྱི་ཐག་གཅོད་ལ་གཞུང་ལུགས་ཀྱི་མཐུན་རྐྱེན་དང་། བསམ་བློའི་མཛུབ་ཁྲིད། ཐག་གཅོད་བྱེད་པའི་ཐབས་ལམ་བཅས་འདོན་དགོས།
དཔྱད་གླེང་བྱེད་བཞིན་པ།