༄༅།། མིག་དམར་ཕྱི་ངོས་སུ་ཤེལ་ཡོད་པ་ཤེས་རྟོགས་བྱུང་བ་དེས་མིག་དམར་ཐོག་ཚེ་སྲོག་ཡོད་པར་ཁུངས་སྣེ་གསར་པ་མཁོ་སྤྲོད་བྱས།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-20
སྤྱི་ལོ་2006ལོའི་ལོ་མཇུག་ཨ་མེ་རི་ཁའི་མཁའ་སྐྱོད་འཇིག་རྟེན་འཕུར་གྲུ་ཅུས་ཀྱི་(NASA)མིག་དམར་རྩད་ཞིབ་ཐིག་ལེན་འཁོར་ལམ་འཕུར་སྐྱོད་འཕྲུལ་ཆས་(MRO)མིག་དམར་ཐོག་སླེབས་པ་ནས་བཟུང་། སྐར་མའི་གོ་ལ་དམར་པོ་འདི་ལ་སྐོར་བ་ཁྲི་བཞི་བརྒྱབ། ཨ་མེ་རི་ཁའི་《ཧའོ་ཧྥེང་ཏུན་སྦྲགས་སྲིད།》སྟེང་བསྒྲགས་པའི་གནས་ཚུལ་ལྟར་ན། ཉེ་ཆར་ཚན་རིག་པ་རྣམས་ཀྱིས་ཐོག་དང་པོར་དེའི་འཁོར་སྐར་གཞི་གྲངས་ཁྲོད་ནས་ཤེས་རྟོགས་བྱུང་ལ། མིག་དམར་ཐོག་ཏུ་སྐར་རྡོ་རྡེབ་པ་ལས་ཆགས་པའི་ཤེལ་མང་པོ་ཆགས་ཤིང་། སྣང་ཚུལ་འདི་ཤེས་གསལ་བྱུང་བ་ལས་མིག་དམར་ཐོག་ཏུ་ད་དུང་གནའ་བོའི་ཚེ་སྲོག་གནས་ཡོད་པའི་བློ་སྒོ་ཕྱེས་པ་རེད། ཤུགས་ཆེན་གྱིས་སྐར་རྡོའི་བཙུར་གནོན་ཁྲོད་གྲུབ་པའི་ཤེལ་དག་ནི་མིག་དམར་ཐོག་ཏུ་གནའ་བོའི་ཚེ་སྲོག་འཚོལ་ཞིབ་བྱེད་པའི་ཁུངས་སྣེ་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཁ་ནུང་གིས་བཤད་རྒྱུར། འདས་ཟིན་པའི་ལོ་ཟླའི་ཁྲོད་དུ། ཚན་རིག་པ་རྣམས་ཀྱིས་མིག་དམར་ཐོག་ཏུ་ཚེ་སྲོག་གི་རྗེས་ཤུལ་ཡོད་མེད་འཚོལ་ཞིབ་བྱེད་སྐབས་ཆུ་ཡོད་མེད་དེ་ཁུངས་སྣེ་གལ་ཆེན་ཞིག་ཏུ་བརྩིས་ཡོད་དེ། དཔེར་ན། མཚེའུ་དང་ཆུ་ངོགས་ཀྱི་ཁོར་ཡུག་ཁྲོད་གྲུབ་པའི་དིམ་བསགས་བྲག་རྡོ་ཡོད་མེད་འཚོལ་བ་ལྟ་བུ། ད་ལྟ་ཡང་དེ་ལས་གཞན་པའི་ཁུངས་སྣེ་ཞིག་ཤེས་གསལ་བྱུང་ཡོད་པར་མ་ཟད། འདི་ལ་མི་མངོན་པའི་སྟོབས་ཤུགས་གལ་ཆེན་ཞིག་གནས་པ་རེད་ཅེས་བཤད།
ཁོ་ཚོས་རང་བསྟོད་བྱེད་པ་མ་ཡིན་པར། ལོ་ངོ་དུང་ཕྱུར་མང་པོའི་ཡར་སྔོན་དུ། སྐྱེ་དངོས་ཕྲ་རབ་དེ་སྐར་མའི་གོ་ལ་དམར་པོ་འདིའི་ཐོག་ཏུ་བྱུང་ཡོད་སྲིད། སྟེས་དབང་ཞིག་གིས་སྐར་རྡོ་རྡེབ་པ་ལས་གནའ་བོའི་ཚེ་སྲོག་འདི་དག་ཤེལ་གྱི་ཁྲོད་དུ་ཉར་ཚགས་བྱས་པ་རེད། སའི་གོ་ལ་ཕྱིའི་དཔལ་ཡོན་(SETI)ཞིབ་འཇུག་གླིང་གི་སྐར་རྩིས་རིག་པ་བ་གྲགས་ཅན་སེ་སི་ཤོ་སི་ཐཱ་ཁི་ཡིས་བཤད་རྒྱུར། གལ་ཏེ་ཁྱེད་ཀྱིས་སྐར་མའི་གོ་ལ་འདིའི་ཐོག་གི་མི་ལོ་དུང་ཕྱུར་ཡར་སྔོན་གྱི་ཚེ་སྲོག་ཅིག་འཚོལ་ཞིབ་བྱས་ན། ཆེས་རེ་བ་ཡོད་པའི་བྱེད་ཐབས་ཤིག་ནི་དེ་ཚོ་ཚང་མ་སྐར་མའི་གོ་ལའི་ཕྱི་ངོས་ཤེལ་གྱི་ཁྲོད་དུ་བསྡུ་གཉེར་བྱས་ཡོད་མེད་ལ་བལྟ་དགོས་པ་རེད་ཟེར། །
2016ལོའི་《ཁ་བཏགས་དཀར་པོ།》དེབ་3པ་ལས་བཤུས།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1