སྤྱི་ཟླ་12པའི་ཚེས་22ནས་23བར། ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས་ཤིང་། སི་ཁྲོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གསུང་བཤད་གལ་ཆེ་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་ཚོགས་འདུར་གཙོ་སྐྱོང་གནང་། ཁྲན་ཏུའུ་གྲོང་ཁྱེར་དང་རྔ་བ་ཁུལ། དཀར་མཛེས་ཁུལ་དང་སྤྱི་བདེ་ཐིང་། དེ་མིན་སི་ཁྲོན་སློབ་གྲྭ་ཆེན་མོའི་འཐུས་མོ་སོགས་ཀྱིས་ཚོགས་འདུ་སྟེང་ཕན་ཚུལ་བསམ་བློ་བརྗེ་རེས་བྱས། ཚོགས་ཞུགས་མི་སྣས་ཧྲུའུ་ཅི་ཝང་ཏུང་མིང་གིས་གལ་ཆེའི་གསུང་བཤད་དང་《ཀྲུང་གོ་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་(ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྣམ་པ་གསར་པ་འོག་གི་ཆོས་ལུགས་ལས་དོན་ལ་ཤུགས་སྣོན་དང་བཅོས་སྐྱོང་བྱེད་པའི་སྐོར་གྱི་ལས་ཀའི་བསམ་འཆར།)གྱི་ལག་བསྟར་བསམ་འཆར》ལ་གྲོས་མོལ་གནང་། སི་ཁྲོན་ཞིང་ཆེན་གྱི་རྒྱུན་ལས་ཨུ་ཡོན་དང་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་པུའུ་ཀྲང་ཚའེ་པའོ་ཧྭ་ཡིས་ཕྱོགས་བསྡོམས་གསུང་བཤད་གནང་། །