བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་སྟོན་ཚོགས་སྐབས་དྲུག་པ་ལྷ་སར་སྤེལ་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-27





 ཟླ་12ཚེས་23ཉིན། བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་སྟོན་ཚོགས་སྐབས་དྲུག་པ་ལྷ་ས་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་པ་དང་། སྟོན་ཚོགས་ཐོག་བོད་རང་སྐྱོང་ལྗོངས་རིམ་པའི་ལྷ་རིས་པའི་ཐང་ག་བྲིས་རྩལ་རྩེ་གྲ་བརྒྱ་ལྷག་ཙམ་བཤམས་སྟོན་བྱས་ཡོད་པ་རེད།

       ཐང་ག་ནི་བོད་ནས་དར་བ་དང་། ད་ལྟའི་བར་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན། དུས་ཡུན་རིང་པོའི་འཕེལ་རྒྱས་ཁྲོད། ཐང་གར་བྲིས་རྒྱུན་མི་གཅིག་པ་མང་པོ་ཞིག་བྱུང་ཡོད་དེ་བྱིའུ་སྒང་པའི་བྲིས་རྒྱུན་དང་། སྨན་ཐང་པའི་བྲིས་རྒྱུན།  མཁྱེན་བརྩེ་པའི་བྲིས་རྒྱུན། ཀརྨ་སྒར་བྲིས་སོགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1