ཧུང་ཡོན་རྫོང་གིས་གསོ་རིག་ཐོན་ལས་གླིང་ཁུལ་འཛུགས་རྒྱུ་རེད།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-28
སྤྱི་ཟླ་12པའི་ཚེས་26ཉིན། ཧུང་ཡོན་རྫོང་གིས་ཁོ་ཅི་བདེ་ཐང་། ཧུང་ཡོན་གསོ་རིག་ཐོན་ལས་གླིང་ཁུལ་གྱི་མིང་རྟགས་འགོད་པ་དང་རྨང་འདིང་བྱེད་སྒོ་སྤེལ། རྒྱུས་ལོན་བྱུང་བ་ལྟར་ན། ཁོ་ཅི་བདེ་ཐང་། ཧུང་ཡོན་གསོ་རིག་ཐོན་ལས་གླིང་ཁུལ་དེའི་རྒྱ་ཁྱོན་ལ་མུའུ་400ཟིན་ཡོད་ལ། སི་ཁྲོན་ཁོ་ཅི་ཀྲུང་བོད་སྨན་རྫས་གསར་སྤེལ་ཀུང་སིས་དེར་སྒོར་དུང་ཕྱུར་2.5བཏང་བ་རེད། ལས་གཞིའི་ནང་དུ་ཀྲུང་བོད་ལུགས་ཀྱི་སྨན་རྩའི་ལས་སྣོན་ཐོན་སྐྱེད་སྒྲུབ་རིམ་དང་ལུས་ཁམས་བདེ་སྲུང་བཟའ་ཆས་བཟོ་གྲྭ། བོད་སྨན་ཞིབ་འཇུག་གསར་སྤེལ་གྱི་སྟེགས་བུ། སྨན་བཅོས་དངོས་ཟོག་མངག་སྐྱེལ། བོད་ལུགས་གསོ་རིག་གི་དངོས་མང་བཤམས་སྟོན་ཁང་སོགས་འདུས་ཡོད།།