ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-28
སྤྱི་ཟླ་12པའི་ཚེས་26ཉིན་ནས་ཚེས་27ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས། དམངས་གཙོ་འཚོ་བའི་ཚོགས་འདུའི་སྟེང་གཏིང་ཟབ་པའི་སྒོ་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ལེན་པ་བརྗོད་དོན་གཙོ་བོར་བཟུང་བ་དང་། གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོའི་བླང་བྱར་དམིགས་ནས། 《གནས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ།》དང《ཀྲུང་གོ་གུང་ཁྲན་ཏང་ནང་ཁུལ་གྱི་ལྟ་རྟོག་སྲོལ་ཡིག》ལ་དཔེ་བལྟས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་ཀ་དང་འབྲེལ་བ་དང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཏང་ཀྲུང་དབྱང་གིས་སྤྱོད་ལམ་འཛུགས་སྐྲུན་དམ་འཛིན་བྱས་པའི་དོན་དངོས་དང་ཟུང་འབྲེལ་བྱས་པར་མ་ཟད། རང་སྟེང་ནས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ལག་བསྟར་བྱས་པའི་དོན་དངོས་དང་ཟུང་འབྲེལ་བྱས། རང་གིས་རང་ལ་ཞིབ་བཤེར་བྱས་པ་དང་ཏང་གཤིས་ལ་དབྱེ་ཞིབ་བྱས་ཤིང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པ་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་བྱེད་ཐབས་ལ་ཞིབ་འཇུག་དང་ཤུགས་སྣོན་བྱས།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་།།