2016ལོའི་ཀྲུང་གོ་མཚོ་བོད་མཐོ་སྒང་ཞིབ་འཇུག་ལྷན་ཚོགས་ཀྱི་རིག་གཞུང་ཚོགས་འདུ་ཆོན་ཀྲོའོ་རུ་འཚོགས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-30


         སྤྱི་ཟླ་12པའི་ཚེས་28ཉིན།   ཀྲུང་གོའི་མཚོ་བོད་མཐོ་སྒང་ཞིབ་འཇུག་ལྷན་ཚོགས་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་མཚོ་བོད་མཐོ་སྒང་ཞིབ་འཇག་ཁང་།  ཀྲུང་གོའི་ཚན་རིག་ཁང་གི་ས་གཤིས་ཚན་རིག་ཁང་དང་ཐོན་ཁུངས་ཞིབ་འཇུག་ཁང་བཅས་ཀྱིས་མཉམ་དུ་སྤེལ་པའི་2016ལོའི་ཀྲུང་གོ་མཚོ་བོད་མཐོ་སྒང་ཞིབ་འཇུག་ལྷན་ཚོགས་ཀྱིས་རིག་གཞུང་ཚོགས་འདུ་ཆོན་ཀྲོའོ་རུ་འཚོགས། 
        ཚོགས་འདུ་ཐོག་ཏུ་མཚོ་བོད་མཐོ་སྒང་གི་སའི་གོ་ལ་མ་ལག་གི་ཚན་རིག་དང་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་བཅས་བརྗོད་བྱ་གཙོ་བོ་བཟུང་ནས།  ཀྲུང་གོའི་ཚན་རིག་ཁང་གི་འབྲེལ་ཡོད་ཀྱི་ཞིབ་འཇུག་ཚན་ཁག་དང་ཀྲུང་གོའི་ས་གཤིས་ཚན་རིག་ཁང་གི་གཏེར་ཁའི་ཐོན་ཁུངས་ཞིབ་འཇུག་ཁང་།   ལེན་ཀྲུའུ་སློབ་ཆེན་དང་ཀྲུང་གོ་ས་གཤིས་སློབ་ཆེན།  ལན་ཅིན་དགེ་འོས་སློབ་ཆེན་བཅས་ཚན་ཁག་36དང་ཞིབ་འཇུག་མི་སྣ་200ལྷག་གིས་ཉིན་གསུམ་རིང་ལ་གྲོས་ཞིབ་བྱས།།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1