རང་རེའི་ཞིང་ཆེན་གྱི་གཅིག་གྱུར་འཆར་འགོད་ལྟར་སྨན་བཅོས་འགན་ལེན་གྱི་རྩིས་སྤྲོད་བྱེད་སའི་སྟེགས་བུ་བསྐྲུན་པ།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-30
སྤྱི་ཟླ་12པའི་ཚེས་29ཉིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་སི་ཁྲོན་ཞིང་ཆེན་གྱི་སྨན་བཅོས་འགན་ལེན་གྱིས་གནས་གཞན་དུ་སྨན་བཅོས་བྱས་རྗེས་ས་དེ་ནས་འཕྲལ་དུ་རྩིས་སྤྲོད་བྱེད་པའི་བྱ་བའི་གསར་འགྱུར་གྱི་སྨྱན་བྱད་གྲོས་ཚོགས་བསྡུ་འཚོགས་བྱས་ནས། རང་རེའི་ཞིང་ཆེན་གྱི་སྨན་བཅོས་འགན་ལེན་ས་གནས་གཞན་དུ་སྨན་བཅོས་བྱས་རྗེས་གནས་དེ་ནས་འཕྲལ་དུ་རྩིས་སྤྲོད་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཁྱབ་བསྒྲགས་བྱས།
རང་རེའི་ཞིང་ཆེན་ནི་ཐོག་དང་པོར་རྒྱལ་ཁབ་ཀྱི་གནས་གཞན་དུ་སྨན་བཅོས་བྱེད་པའི་སྟེགས་བུ་དང་འབྲེལ་མཐུད་བྱས་པས་ཞིང་ཆེན་གཅིག་ཡིན་པའི་ཆ་ནས། ཟླ་12པའི་ཚེས་20ཉིན་པེ་ཅིང་ནས་རྒྱལ་ཁབ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་འགན་འཁྲིའི་ཡི་གེའི་ཐོག་ཏུ་མིང་རྟགས་བཀོད། ད་ལོའི་ཟླ་12བའི་ཟླ་སྨད་དུ་སི་ཁྲོན་ཐོག་དང་པོར་རྒྱལ་ཁབ་ཀྱིས་གནས་གཞན་དུ་སྨན་བཅོས་བྱེད་པར་སྨན་བཅོས་བྱས་རྗེས་གནས་དེ་ཡིས་འགན་ལེན་བྱེད་པའི་རྩིས་སྤྲོད་སྟེགས་བུ་དང་མཐུད་པ་རེད། མིག་སྔར། ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ཧུར་ཐག་གིས་རྒྱལ་ཁབ་ཀྱི་སྟེགས་བུ་བརྒྱུད་ནས་ཞིང་ཆེན་བརྒལ་ཏེ་སྨན་བཅོས་བྱེད་པའི་སྨན་རིན་རྩིས་སྤྲོད་བྱེད་པའི་སྐོར་གྱི་ལག་རྩལ་དང་ལས་སྒོའི་རྒྱུགས་ལེན་སོགས་བྱས།
སང་ལོའི་ཟླ་དང་པོ་ནས་བཟུང་། རང་རེའི་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་སྟེགས་བུ་ལ་གཞི་རྟེན་ནས་གནས་གཞན་དུ་སྨན་བཅོས་བྱས་པའི་སྨན་རིན་རྩིས་སྤྲོད་བྱ་རྒྱུ་རེད། མིག་སྔར་ཐོག་དང་པོར་རྒྱལ་ཁབ་ཀྱི་གནས་གཞན་དུ་སྨན་བཅོས་བྱེད་པའི་སྨན་བཅོས་འགན་ལེན་རྩིས་སྤྲོད་བྱེད་སའི་སྟེགས་བུ་སྦྲེལ་མཐུད་གཅིག་གྱུར་འཆར་འགོད་ཀྱི་ས་གནས་དྲུག་དེ་ཁག་དབྱེ་ནས་ཞིང་ཆེན་རང་ཉིད་རིམ་པའི་ཁྲེན་ཏུའུ་གྲོང་ཁྱེར་དང་། ལི་ཧྲན། ཙི་དབྱང་། ནའེ་ཅང་། ཕན་ཀྲི་ཧྭ་གྲོང་ཁྱེར་བཅས་ཡིན། ཐོག་དང་པོར་རྒྱལ་ཁབ་ཀྱི་ས་གནས་གཞན་དུ་སྨན་བཅོས་བྱས་རྗེས་གནས་དེ་ནས་སྨན་བཅོས་འགན་ལེན་རྩིས་སྤྲོད་བྱེད་སའི་སྟེགས་བུ་དང་མཐུད་པའི་སྨན་ཁང་29ཡོད། དེའི་ཁྲོད་དུ་ཁྲེན་ཏུའུ་རུ་ཡོད་པའི་ཧྭ་ཤིས་སྨན་ཁང་དང་། ཞིང་ཆེན་མི་དམངས་སྨན་ཁང་སོགས་སྨན་ཁང་21ཡོད། ལྷག་མའི་སྨན་ཁང་བརྒྱད་ནི་སོ་སོ་ལི་ཧྲན་དང་ནའེ་ཅང་། ཕན་ཀྲི་ཧྭ་བཅས་སུ་ཡོད། སང་ལོའི་ཟླ་6པའི་ཚེས་30ཉིན། ཞིང་ཆེན་ཀྱི་གྲོང་ཁྱེར་དང་ཁུལ་ཡོངས་རྒྱལ་ཁབ་ཀྱིས་ས་གནས་གཞན་དུ་སྨན་བཅོས་བྱས་རྗེས་གནས་དེ་ནས་སྨན་བཅོས་འགན་ལེན་བྱེད་པའི་སྟེགས་བུ་དང་སྦྲེལ་མཐུད་བྱ་རྒྱུ་རེད། དེ་མིན་སང་ལོའི་ལོ་སྨད་དུ་སླེབས་སྐབས། གཞི་རྩའི་ཐོག་རང་རེའི་ཞིང་ཆེན་གྱི་འགན་བཅོལ་ཁྲོད་ཞུགས་པའི་མི་སྣའི་ཞིང་ཆེན་བརྒལ་ནས་སྨན་བཅོས་བྱས་རྗེས་གནས་དེ་ནས་སྨན་བཅོས་འགན་ལེན་རྩིས་སྤྲོད་བྱེད་པའི་གནད་དོན་ཐག་གཅོད་ཡོང་བར་བྱ་རྒྱུ་རེད།
རང་རེའི་ཞིང་ཆེན་གྱི་གནས་གཞན་དུ་སྨན་བཅོས་བྱས་རྗེས་གནས་དེ་ནས་འཕྲལ་དུ་སྨན་བཅོས་འགན་ལེན་རྩིས་རྒྱགས་བྱེད་པའི་ཞིང་ཆེན་རིམ་པའི་སྟེགས་བུ་སྤྱི་ལོ་2014ལོའི་ཟླ10བའི་ཚེས1ཉིན་ནས་བཟུང་བཀོལ་སྤྱོད་བྱས་ཤིང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་འབྲེལ་ཡོད་ཀྱི་འགན་ཁུར་མི་སྣའི་ངོ་སྤྲོད་བྱས་པ་ལྟར་ན། གོམ་སྟབས་རྗེས་མར་རང་རེའི་ཞིང་ཆེན་གྱིས་ཞིང་ཆེན་ནང་ཁུལ་ནས་སྨན་བཅོས་བྱེད་པའི་ཕྱོགས་སུ། མུ་མཐུད་ནས་སྨན་ཁང་དུ་སྡོད་པ་དང་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་ཡམས་ཀྱི་རིན་གོང་དེ་བྱང་བུ་བཀོལ་ནས་རྩིས་སྤྲོད་བྱེད་པའི་གྲངས་ཀ་དང་སྤུས་ཚད་མཐོར་འདེགས་སུ་བཏང་ནས། ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་མིང་ཐོ་གནས་སྤོ་བྱས་ནས་སྒོ་བསྟེན་སྨན་ཁང་ནས་སྨན་ཉོ་སྐབས་རང་གི་བྱང་བུ་བཟུང་ནས་རྩིས་སྤྲོད་བྱེད་པ་འཚོལ་ཞིབ་བྱས་ཏེ། རིམ་བཞིན་དུ་ཞིང་ཆེན་ནང་ཁུལ་ནས་སྨན་བཅོས་བྱེད་པ་ནས་ཞིང་ཆེན་བརྒལ་ཏེ་སྨན་བཅོས་བྱེད་དུས་གནས་དེ་ནས་སྨན་རིན་རྩིས་སྤྲོད་བྱ་ཐུབ་པ་ཁྱོན་ཡོངས་སུ་ཁེབས་པ་མངོན་འགྱུར་ཡོང་བར་བྱ་རྒྱུ་རེད།།