སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ལོ་སར་ལ་ཤིས་ཚིག་ཕུལ་བ།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-31
གནམ་ལོ་གསར་པ་ཚེས་བཞིན་པའི་རྙིང་སྐྱེལ་གསར་བསུ་ཡི་དུས་ཚོད་འདི་ལ། ངས་ཀྲུང་གུང་ཀྲུང་དབྱང་སི་ཁྲོན་ཞིང་ཆེན་ཨུ་ཡོན་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཀྱི་མི་རིགས་སོ་སོ་དང་། སི་ཁྲོན་ཞིང་ཆེན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བའི་ལས་རིགས་ཁག་གི་མི་སྣ་ཀུན་ལ་ཁ་ཞེ་ལྷ་དར་དཀར་བོའི་འཚམས་འདྲི་དང་གནམ་ལོ་གསར་པའི་ནང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས་པ་ཡིན།
2016 ལོར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རླབས་ཆེན་མགོ་ཁྲིད་འོག ང་ཚོས་གཟབ་ནན་ངང་གནས་ལྔ་གཞི་གཅིག་གི་སྤྱིའི་འཆར་འགོད་ལག་ལེན་མཐར་ཕྱིན་བཏང་བ་དང་མཐུན་སྦྱོར་ངང་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་ཀྱི་བཀོད་སྒྲིག་བླང་བྱར་སྐུལ་འདེད་བཏང་། དུས་དང་རྣམ་པ་ཀུན་ཏུ་འཕེལ་རྒྱས་དམིགས་སུ་འཛིན་པ་དང་བསྒྱུར་བཀོད་འཕེལ་རྒྱས་ཀྱི་འཐབ་ཇུས་བརྟན་ཤུགས་རྒྱུན་བསྲིངས་བྱས། བརྟན་བརླིང་ངང་འཕེལ་རྒྱས་སྙེགས་པའི་ལས་ཀའི་སྤྱི་སྙིང་རྒྱུན་འཁྱོངས་དང་། རང་འགུལ་དངོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན། བློ་བརྟན་འགྱུར་མེད་ཀྱིས་མཁོ་སྤྲོད་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་བྱས་པར་མ་ཟད། གཏིང་ཟབ་པའི་སྒོ་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་གསུམ་ལག་ལེན་དང་། ནན་ཏན་གྱིས་ལས་གཞིའི་ལོ་དང་། ཕྱོགས་ཡོང་ནས་སྲོལ་འབྱེད་བཅོས་བསྒྱུར་གྱི་བཟོ་བསྐྲུན་ཨང་རྟགས་དང་པོ། དབུ་ཕོངས་དཀའ་གནད་སྒྲོལ་བའི་གལ་འགེངས་བྱ་བཞག་བཅས་འཛིན་སྐྱོང་སྤེལ་གསུམ་བྱས། ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོར་གསར་བརྗེ་དང་འཕེལ་རྒྱས་བརྟན་བརླིང་གིས་གྲུབ་འབྲས་གསར་བ་ཐོན་ཞིང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འགོ་ལེགས་པར་བརྩམས་པ་མངོན་འགྱུར་བྱུང་།
2017ལོར་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་པ་དང་ཞིང་ཆེན་རང་བཞིན་གྱི་ཏང་གི་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པ་མི་འགྱངས་བར་འཚོགས་རྒྱུ་ཡིན་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ལག་བསྟར་བྱེད་པའི་ཆེས་གལ་ཆེ་བའི་ལོ་གཅིག་ཀྱང་ཡིན། ང་ཚོས་ཕྱོགས་ཡོང་ནས་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་སྙིང་སྟོབས་ལག་ལེན་མཐར་ཕྱིན་མཛད་དེ། ནན་ཏན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་གསར་པ། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་བྱ་དགོས་པ་དང་། བརྟན་བརླིང་ངང་འཕེལ་རྒྱས་སྙེགས་པའི་ལས་ཀའི་སྤྱི་སྙིང་རྒྱུན་འཁྱོངས། འཕེལ་རྒྱས་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་གཙོར་འཛིན་བྱེད་པ་རྒྱུན་འཁྱོངས་བྱ་དགོས། བློ་གཏན་འགྱུར་མེད་ཀྱིས་མཁོ་འདོན་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏང་རྒྱུ་གཙོ་བོ་བྱེད་པ་དང་། བློ་གཏན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་གསུམ་ལག་ལེན་དང་། ཕྱོགས་ཡོངས་ནས་ལས་རིགས་སོ་སོ་བརྟན་པོའི་ངང་འཕེལ་བ། བཅོས་བསྒྱུར་ལ་སྐུལ་སློང་། སྒྲིག་གཞི་ལེགས་བཅོས། ཉེན་ཁ་སྔོན་འགོག དམངས་འཚོར་ཕན་འདོགས་པ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་བརླིང་བདེ་བླག་ངང་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཡོང་བར་སྐུལ་འདེབས་གཏང་དགོས།
མཇུག་མཐར་གནམ་ལོ་གསར་བའི་ནང་ཀུན་གྱི་སྐུ་ལ་ན་ཚ་མེད་ཅིང་བྱ་བ་ལམ་འགྲོ་ཡོང་བ། བཟའ་མི་ལྷན་འཛོམས་ཡོང་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན།།