2017ལོའི་སྤྱི་ཟླ་1པོའི་ཚེས་3ཉིན། ཞི་བདེ་རྒྱ་མཚོ་ཆེན་པོའི་ལྷོ་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་ཧྥི་ཅིའི་ཉེ་འགྲམ་གྱི་མཚོ་རྒྱུད་དུ་ཚད་རིམ་6.3ཅན་གྱི་ས་འགུལ་བྱུང་བ། མིག་སྔར། མི་ལ་རྨས་སྐྱོན་དང་རྒྱུ་ནོར་གང་ལ་གནོད་སྐྱོན་དང་གྱོང་རྒུད་ཐེབས་པའི་གནས་ཚུལ་ཅི་ཡང་མི་འདུག
ཨ་རིའི་ས་གཤིས་རྟོག་ཞིབ་ཅུས་ཀྱི་ཆ་འཕྲིན་དྲ་བར་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་ས་འགུལ་དེ་ས་གནས་དེ་གའི་དུས་ཚོད་དེ་2017ལོའི་སྤྱི་ཟླ་1པོའི་ཚེས་3ཉིན་གྱི་ཆུ་ཚོད་2པའི་སྐར་མ་14(པེ་ཅིང་དུས་ཚོད་2017ལོའི་སྤྱི་ཟླ་1པོའི་ཚེས་2ཉིན་གྱི་ཆུ་ཚོད་21དང་སྐར་མ་14)སྟེང་ལ་བྱུང་ཞིང་། འགུལ་ལྟེ་ཧྥེ་ཅིའི་རྒྱལ་ས་སུ་ཝའི་ལྷོའི་སྤྱི་ལེ་582ཀྱི་མཚོ་རྒྱུད་ཡིན་པ་དང་འགུལ་ཁུངས་ཀྱི་ཟབ་ཚད་སྤྱི་ལེ་555.1ཡོད་པ་རེད། །