ཀན་སུའུ་མཛེས་རྩལ་གླིང་གི་རི་མོའི་བརྩམས་ཆོས་འགྲེམས་སྟོན་པེ་ཅིང་དུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-06


 
         ཉེ་ཆར། “ཏུན་ཧོང་གནས་མཇལ་ཏེ་ཀན་སུའུ་མཛེས་རྩལ་གླིང་གི་རི་མོའི་བརྩམས་ཆོས་གསར་རྩོམ་ལས་གཞི་སྟེ། ཀན་སུའུ་མཛེས་རྩལ་གླིང་གི་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན” ཀྲུང་གོའི་མཛེས་རྩལ་ཁང་དུ་འགྲེམས་སྟོན་བྱས་འདུག་ཅིང་། ད་རེས་ཀྱི་འགྲེམས་སྟོན་ནི་ཀན་སུའུ་མཛེས་རྩལ་གླིང་གིས་རྒྱལ་ཁབ་ཀྱི“ རྒྱུད་གཅིག་ལམ་གཅིག” གི་རྒྱལ་སྤྱིའི་འཐབ་ཇུས་ཀྱི་སྒྲིག་གཞིར་དམིགས་ཏེ། ཀན་སུའུ་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ཀྲུང་གོའི་ཤེས་དཔལ་རྒྱུན་འཛིན་གསར་གཏོད་ཁུལ་འཛུགས་བསྐྲུན་དང་། “ཏུན་ཧོང་རི་མོའི་ལུགས་གསར་གཏོད་བྱས་ཏེ་རིག་གནས་ཀྱི་ཞིང་ཆེན་ཆེན་མོ་འཛུགས་སྐྲུན”གྱི་འབོད་སྐུལ་ལ་བསྟུན་ཐོག ཀན་སུའུ་མཛེས་རྩལ་གླིང་གི་རིག་གཞུང་ཁྱད་ཆོས་གསར་བསྐྲུན་བྱས་ཏེ།  ཁྱོན་ཡོངས་ནས“ཏུན་ཧོང་གནས་མཇལ་ཏེ་ཀན་སུའུ་མཛེས་རྩལ་གླིང་གི་རི་མོའི་བརྩམས་ཆོས་གསར་རྩོམ་ལས་གཞིའི”གྲུབ་འབྲས་འགྲེམས་སྟོན་བྱས་ཡོད་པ་དང་། འགྲེམས་སྟོན་ཡོངས་སུ་ཀན་སུའུ་མཛེས་རྩལ་གླིང་གི་བརྩམས་ཆོས་བརྒྱ་ལྷག་ཙམ་འགྲེམས་སྟོན་གནང་ཡོད་འདུག

          པར་འདི་ནི《གངས་ཁྲོད་ཀྱི་ཞོགས་རླུང་།》ཞེས་པའི་བརྩམས་ཆོས་ཡིན་ལ། ཤོག་ངོས་སུ་སྣག་ཚས་བྲིས་ཤིང་། རྩོམ་པ་པོ་ནི་ལི་ཝེ་རེད།
        ཀན་སུའུ་མཛེས་རྩལ་གླིང་གི་རི་མོའི་བརྩམས་ཆོས་གསར་རྩོམ་ལས་གཞི་ནི2012 ལོར་སྤེལ་འགོ་ཚུགས་པ་དང་། དུས་ཡུན་ལོ་ལྔའི་རིང་ལམ་ཐག་སྤྱི་ལེ་ཁྲི་ཁ་ཤས་སུ་བསྐྱོད་དེ། ཏུན་ཧོང་ནས་དངོས་བྲིས་བཤུ་འབྲི་གནང་ཐོག  དར་གོས་གནའ་ལམ་དང་ནང་བསྟན་ཤར་རིམ་ལམ་བུར་བསྐྱར་དུ་བསྐྱོད་དེ། ཀན་སུའུ་ཡི་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་རྒྱུ་ཆ་འཚོལ་སྡུད་དང་དམར་བྲིས་བྱས་རྗེས། དེར་ནུས་ཤུགས་ཡོད་རྒུས་གསར་རྩོམ་དང་དག་སྒྲིག་བྱས་ཏེ་ཀྲུང་གོའི་མཛེས་རྩལ་ཁང་དུ་འགྲེམས་སྟོན་གནང་པ་རེད།
འགྲེམས་སྟོན་གྱི་ཡུལ་དངོས་སུ་བསམ་ཕྱོགས་བརྗེ་རེས་ཀྱི་ལས་རིམ་བཀོད་སྒྲིག་བྱས་འདུག་ཅིང་། མཛེས་རྩལ་ཁང་དུ་ནན་ཏན་སྒོས་གཟིགས་མོ་གནང་མཁན་བྱིས་པ་དག་གིས་ཁེངས་འདུག

བརྩམས་ཆོས་རོལ་མྱོང་། ཤོག་ངོས་སྣག་བྲིས།  རྩོམ་པ་པོ།  ཝང་ཞའོ་ཡུང་།

བརྩམས་ཆོས《 གངས་ལྗོངས་ཀྱི་ཉམས་འགྱུར》ཤོག་ངོས་སྣག་བྲིས། རྩོམ་པ་པོ།  ལི་པའོ་ཧྥུན།

བརྩམས་ཆོས《 བྱེ་མའི་ཁུངས》ཤོག་ངོས་སྣག་བྲིས། རྩོམ་པ་པོ། ཝང་ཧུང་།

བརྩམས་ཆོས《 ཞོགས་རླུང》ཤོག་ངོས་སྣག་བྲིས། རྩོམ་པ་པོ། ལི་ཝེ།

བརྩམས་ཆོས《བཀྲ་ཤིས་བདེ་ལེགས》ཤོག་ངོས་སྣག་བྲིས། རྩོམ་པ་པོ། ཧྥན་ཝུན་ཡང་།

བརྩམས་ཆོས《 ཆོས་སྐོར་རི་མོ》ཤོག་ངོས་སྣག་བྲིས། རྩོམ་པ་པོ།  མཱ་ཅང་།

བརྩམས་ཆོས《 སྒྱུ་འཕྲུལ་ཐོག་ཁང》ཤོག་ངོས་སྣག་བྲིས། རྩོམ་པ་པོ།ཚའོ་ཧན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1