ལི་ཁེ་ཆང་གིས་གཙོ་སྐྱོང་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-12


        སྤྱི་ཟླ་དང་པོའི་ཚེས་བཅུ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གཙོ་སྐྱོང་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས་སྟེ།  ས་ཁོངས་རང་བཞིན་གྱི་རྐང་དབང་ཚོང་ར་ཚད་ལྡན་དང་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་གཏན་ལ་ཕབ་སྟེ། ཁེ་ལས་འབྲིང་ཆུང་དང་ཁེ་ལས་ཆེས་ཆུང་བའི་དངུལ་བསྡུ་བྱེད་ཐབས་རྒྱ་སྐྱེད་དགོས་པ་དང་། གྲོང་ཁྱེར་དོ་དམ་ཁྲིམས་འཛིན་ཐད་གཅིག་གྱུར་གྱི་ལྭ་བ་དང་མཚོན་རྟགས་བཀོལ་སྤྱོད་བྱེད་པའི་དོ་དམ་བྱེད་ཐབས་ལ་གྲོས་འཆམ་བྱུང་སྟེ། དཔལ་ཡོན་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བ་དང་གྲོང་ཁྱེར་གྱི་དོ་དམ་ཆུ་ཚད་མཐོར་འདེགས་སུ་གཏང་དགོས་ཞེས་བསྟན་པར་མ་ཟད། གྲོས་ཚོགས་སྟེང《དབང་བོ་སྐྱོན་ཅན་གྱི་སློབ་གསོའི་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》དང《དབང་བོ་སྐྱོན་ཅན་སྔོན་འགོག་དང་དབང་བོ་སྐྱོན་ཅན་གྱི་ལུས་ཕུང་བདེ་གསོའི་སྲོལ་ཡིག》(འཆར་ཟིན》ལ་གྲོས་འཆམ་བྱུང་། 
        གྲོས་ཚོགས་སྟེང་གཅིག་ནས་ས་ཁོངས་རང་བཞིན་གྱི་རྐང་དབང་ཚོང་ར་ཚད་ལྡན་ངང་འཕེལ་རྒྱས་སུ་འགྲོ་ཕྱིན་ནས་གཙོ་བོ་ཞིང་ཆེན་རིམ་པའི་སྲིད་འཛིན་ས་ཁོངས་ཁྲོད་ཀྱི་ཁེ་ལས་འབྲིང་ཆུང་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱ་དགོས་དགོས། གཉིས་ནས་ཞིང་ཆེན་(ཆུས་དང་གྲོང་ཁྱེར།)སོ་སོ་དང་འཆར་འགོད་ཁྲོད་ཀྱི་ས་ཁོངས་རང་བཞིན་གྱི་རྐང་དབང་ཚོང་རའི་འཁོར་སྐྱོད་སྡེ་ཁག་གཅིག་གིས་འགན་ཁུར་དགོས། གསུམ་ནས་ཚད་ལྡན་གྱི་དངུལ་འཇོག་པའི་ལམ་ལུགས་ལག་བསྟར་བྱ་དགོས། བཞི་ནས་གཅིག་བསྡུས་སྒོས་ཐུན་མོང་གི་དོ་དམ་བྱེད་པའི་ལྟ་སྐུལ་འགན་ཁུར་དམ་འཛིན་བྱེད་དགོས་ཞེས་བསྟན། 
        གྲོས་ཚོགས་ལས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོང་ཁྱེར་དོ་དམ་ཁྲིམས་འཛིན་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་རེ་བ་ལྟར། གྲོང་ཁྱེར་དོ་དམ་ཁྲིམས་འཛིན་གྱི་ལྭ་བ་དང་མཚོན་རྟགས་གཅིག་གྱུར་ཡོང་བར་བྱེད་པ་དང་ཚད་ལྡན་དོ་དམ་བྱེད་པ་དེ་ཚོར་གཉེར་གྱི་ཁོར་ཡུག་བཟང་བོ་བསྐྲུན། གྲོང་ཁྱེར་དོ་དམ་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། སྲིད་གཞུང་གི་སྤྱིའི་ཡིད་རྟོན་ཤུགས་ཇེ་ཆེར་གཏོང་བ་བཅས་ཐད་ལ་ཕན་ནུས་གལ་ཆེན་འདོན་ཐུབ་ཅེས་བསྟན། 
        ཚོགས་ཐོག་ལས་དབང་བོ་སྐྱོན་ཅན་གྱི་སློབ་གསོའི་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་། དབང་བོ་སྐྱོན་ཅན་ལ་འདྲ་མཉམ་གྱི་སློབ་གསོ་ཁེ་དབང་ཐོབ་པར་ཁག་ཐེག་བྱེད་པ་ནི་འདྲ་མཉམ་དང་དྲང་གཞག་གི་ནང་དོན་གལ་ཆེན་ཕུན་སུམ་ཚོགས་པར་གཏོང་བ་དང་སྤྱི་ཚོགས་དཔལ་ཡོན་དང་ཡར་ཐོན་ཡོང་བར་བྱེད་པའི་མཚོན་རྟགས་ཡིན་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1