དཀར་མཛེས་ཁུལ་གྱིས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་དོ་དམ་འགན་འཁྲིའི་ལམ་ལུགས་ལག་བསྟར་གྱི་གཅིག་སྡུད་ཞིབ་བརྗོད་དཔྱད་འཇོག་ཚོགས་འདུ་འཚོགས་པ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-13



        2017ལོའི་ཚེས་11ཉིན་གྱི་སྔ་དྲོར། ཁུལ་ཨུ་ཧྲུའུ་ཅི་ལིའུ་ཁྲེན་མིང་གིས་དར་མདོ་གྲོང་ཁྱེར་དུ་2016ལོའི་རྫོང(གྲོང་ཁྱེར)ཏང་ཨུ་ཧྲུའུ་ཅི་དང་རྫོང་དཔོན(གྲོང་ཁྱེར།)རྣམས་ལ་བོད་བརྒྱུད་ནང་བསྟན་པའི་དགོན་སྡེའི་དོ་དམ་འགན་འཁྲིའི་ལམ་ལུགས་ལག་བསྟར་གྱི་གཅིག་སྡུད་ཞིབ་བརྗོད་དཔྱད་འཇོག་ཚོགས་འདུར་གཙོ་སྐྱོང་གནང་། ཁྱོན་ཡོངས་ནས་2016ལོའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་དོ་དམ་ལས་དོན་ལ་ཕྱོགས་བསྡོམས་དང་མིག་སྔར་གྱི་བརྟན་སྲུང་ལས་དོན་ཁྲོད་འཕྲད་པའི་གནད་དོན་སོགས་ལ་དབྱེ་ཞིབ་བྱས་ཏེ་2017ལོའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དོ་དམ་ལས་དོན་ལ་བཀོད་སྒྲིག་བྱས།
          ལིའུ་ཁྲེན་མིང་གིས་ རྫོང(གྲོང་ཁྱེར)ཏང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན(གྲོང་ཁྱེར།)རྣམས་ལ་བོད་བརྒྱུད་ནང་བསྟན་དགོན་སྡེའི་དོ་དམ་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་རྒྱུ་ནི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དོ་དམ་གྱི་ཐབས་ཤེས་གཙོ་བོ་ཞིག་ཡིན་ལ།  ཐེངས་འདིའི་ཚོགས་འདུ་བརྗོད་དོན་ནི་ཉམས་མྱོང་བཟང་པོ་དང་ཐབས་ཤེས་བཟང་པོ་ཕན་ཚུན་སློབ་སྦྱོང་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་དོ་དམ་ལས་དོན་བརྟན་བརླིང་ངང་སྤེལ་དགོས་པ་དེ་རེད་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1