མིག་སྔར། གནམ་དཔྱད་རིག་པ་བས་ཚོད་དཔག་མངོན་ཡོད་པ་ལྟར་ན། སྤྱི་ལོ་2022ལོར་མིག་ལ་འཚེར་བའི་ཚད་འདས་སྐར་གསར་ཞིག་ཡོང་རྒྱུ་ཡིན་པ་དང་། ཨ་རིའི་ཆེད་མཁས་པ་ཞིག་གིས་སྐར་ཟུང་མ་ལག་ཞིག་ལ་ཞིབ་འཇུག་བྱས། བརྟན་སྐར་གཉིས་ཉེ་བར་གནས་ཤིང་མ་འོངས་པར་དེ་གཉིས་མཉམ་འདུས་བྱེད་སྲིད་པ་ཁྱབ་བསྒྲགས་བྱས། འདི་ལས་མ་འོངས་པར་བརྟན་སྐར་དེ་གཉིས་ཚད་འདས་སྐར་གསར་གས་གཏོར་བྱུང་བའི་རྣམ་པ་ལྟར་རང་ཉིད་ཀྱི་ཚེ་སྲོག་མཇུག་སྒྲིལ་རྒྱུ་ཡིན་པ་མཚོན་པ་རེད།།