སྤྱི་ཟླ་1པའི་ཚེས་15ཉིན། བརྒྱད་ཟིལ་རྫོང་དཀར་ཆུས་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་ཧ་ཁྱུང་ཡུལ་ཚོའི་ཞིང་འབྲོག་མང་ཚོགས་རྩ་འཛུགས་བྱས་ཏེ། དྲིན་དྲན་བཞིན་མདུན་དུ་བསྐྱོད་ཅེས་པ་བརྗོད་དོན་དུ་བཟུང་བའི་དཔྱིད་གསར་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ། འཁྲབ་སྟོན་ལེ་ཚན་ནི་སྡེ་མི་རང་གིས་གསར་རྩོམ་དང་འཁྲབ་ཁྲིད། འཁྲབ་སྟོན་བྱས་པ་ཡིན་ཞིང་། འཁྲབ་སྟོན་བྱེད་སྒོ་ལ་གླུ་དང་ཞབས་བྲོ། བཞད་གར་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་ལྡན།།