རང་ཞིང་གིས་ན་ནིང་གི་དབུལ་སེལ་འགག་སྒྲོལ་གྱི་དམིགས་ཡུལ་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-19


        ཉེ་ཆར། གསར་འགོད་པས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། རང་རེའི་ཞིང་ཆེན་གྱིས་2016ལོའི་ལོ་སྟོད་དུ་གཏན་འབེབ་བྱས་པའི་དབུལ་སེལ་འགག་སྒྲོལ་གྱི་དམིགས་ཡུལ་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་སྟེ། དབུལ་ཕོངས་རྫོང་ལྔ་དང་དབུལ་ཕོངས་སྡེ་བ་2437དབུལ་ཕོངས་མི་འབོར་ཁྲི་107.8དང་སྟོང་བཅས་དབུལ་ཕོངས་ལས་ཐར་ཐུབ་པ་བྱུང་།
        གསར་འགོད་པས་ཞིང་ཆེན་དབུལ་བྲལ་འགག་སྒྲོལ་གྱི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་ཀྱི་དབུལ་ཕོངས་ནས་ཕྱིར་འཐེན་བྱེད་པའི་ཚད་གཞི་དང་བརྒྱུད་རིམ་གཞིར་བཟུང་ནས། རང་རེའི་ཞིང་ཆེན་གྱིས་ན་ནིང་ལོའི་ཟླ་11པ་ནས་བཟུང་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་པའི་ཞིབ་བཤེར་རྩིས་ལེན་དང་ཕྱོགས་གསུམ་པའི་དཔྱད་དཔོག་བྱེད་པ་ལག་ལེན་བྱས་ཏེ། དབུལ་སྐྱོར་འགན་འཁྲི་ཡོད་པའི་རྫོང(གྲོང་ཁྱེར‘ ཆུས)160ལ་ཡོངས་སུ་ཁེབས་ཡོད་པ་རེད། ཞིབ་བཤེར་རྩིས་ལེན་དང་དཔྱད་དཔོག་བྱས་པའི་གྲུབ་འབྲས་ལས་མངོན་པ་ལྟར་ན། རང་རེའི་ཞིང་ཆེན་གྱིས་དབུལ་ཕོངས་མི་འབོར་དབུལ་བྲལ་ཡོང་བའི་དམིགས་ཡུལ་ལས་འགན་ཚད་བརྒལ་གྱི་སྒོ་ནས་ལེགས་འགྲུབ་བྱུང་བ་དང་། གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཁྲི་105དབུལ་སེལ་ཐུབ་པའི་འཆར་འགོད་བྱས་ཞིང་། དོན་དངོས་སུ་ཞིང་ཆེན་ཡོངས་སུ་མི་ཁྲི་107.8དབུལ་སེལ་བྱས། འཆར་འགོད་མི་གྲངས་ལས་མི་ཁྲི་2.8ལས་བརྒལ་ཏེ། 102.7%ལེགས་འགྲུབ་བྱུང་། སྔོན་དཔག་བྱས་ན་ཞིང་ཆེན་ཡོངས་སུ་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་མི་ཁྲི་272ཇེ་ཉུང་དུ་ཕྱིན་པས། དབུལ་ཕོངས་དུ་གྱུར་ཚད་4.4%མར་ཆག
        དབུལ་ཕོངས་སྡེ་བ་དབུལ་སེལ་བྱེད་པའི་ཕྱོགས་སུ། ཞིང་ཆེན་ཡོངས་སུ་དབུལ་ཕོངས་སྡེ་བ་2350དབུལ་སེལ་བྱ་རྒྱུའི་འཆར་གཞི་བྱས་མོད། དོན་དངོས་སུ་དབུལ་ཕོངས་སྡེ་བ་ལས་2437དབུལ་སེལ་བྱས་ཡོད། 103.7     %ལེགས་འགྲུབ་བྱུང་བ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1