བོད་ལྗོངས་ཀྱིས་ད་ལོའི་ཟླ་དང་པོ་ནས་ལྔ་བའི་བར་ཡུལ་སྐོར་བ་ས་ཡ་གཉིས་ལྷག་སྣེ་ལེན་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-30


         གསར་འགོད་པས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུའུ་ནས་ཤེས་གསལ་ལྟར་ན།ད་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར་བོད་ལྗོངས་སུ་ཡོང་བའི་ཡུལ་སྐོར་བ་ཇེ་མང་ལ་སོང་བ་དང་བསྟུན་ནས།རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ས་ཡ་གཉིས་འབུམ་གཅིག་ཁྲི་བརྒྱད་སྟོང་གཉིས་ལྷག་སྣེ་ལེན་བྱས་པ་དང་།དེ་དུས་མཉམ་ལས་བརྒྱ་ཆའི་ཉེར་གཅིག་དང་གྲངས་ཆུང་གཉིས་འཕར་བ་དང་།ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བཞི་ས་ཡ་གསུམ་ཡིན་ལ་དེ་དུས་མཉམ་ལས་བརྒྱ་ཆའི་ཉེར་བཞི་དང་གྲངས་ཆུང་དྲུག་འཕར་ཡོད།
        བསྡོམས་རྩིས་བྱས་པར་ལྟར་ན།ད་ལོའི་སྔོན་གྱི་ཟླ་ལྔའི་ནང་བོད་ལྗོངས་ཀྱིས་ཡུལ་སྐོར་བ་ས་ཡ་གཉིས་དང་འབུམ་དྲུག་ཁྲི་གསུམ་སྟོང་གཉིས་བཞི་བརྒྱ་སྣེ་ལེན་བྱས་པ་དང་།གནས་སྐོར་ཡོང་འབབ་ཨ་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་འབུམ་དྲུག་མངོན་འགྱུར་བྱུང་བ་དང་།སོ་སོར་བརྒྱ་ཆའི་བཅུ་གསུམ་དང་གྲངས་ཆུང་གསུམ་དང་བརྒྱ་ཆའི་བཅུ་དགུ་འཕར་ཡོད་ལ།ལྷ་ལྡན་གཙུག་ལག་ཁང་དང་།བར་སྐོར།ཕོ་བྲང་པོ་ཏ་ལ་སོགས་གང་ཡིན་སར་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མཐོང་རྒྱུ་ཡོད་པ་རེད།
        2013ལོར་བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་དགུ་ཁྲི་གཅིག་སྣེ་ལེན་བྱས་པ་དང་།དུས་མཉམ་ལས་བརྒྱ་ཆའི་ཉེར་གཉིས་ཟིན་ཡོད་པ་དང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན།ད་ལོ་བོད་ལྗོངས་ཀྱིས་ཡུལ་སྐོར་གྱི་ཞབས་ཞུའི་དོ་དམ་ཆུ་ཚད་དང་།ཡུལ་སྐོར་ཁྲོམ་ར་འཕེལ་རྒྱས་སུ་བཏང་ནས་ཡུལ་སྐོར་དང་།རིག་གནས།སྣོད་བཅུད་བཅས་མཉམ་དུ་འཕེལ་རྒྱུས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1