དཀར་མཛེས་ཁུལ་གྱི་སྐབས་དང་པོའི་སློབ་ཆེན་སློབ་མའི་ལས་གཏོད་ཀྱི་འགྲན་བསྡུར་མཇུག་སྒྲིལ་བ།
དབྱངས་ཅན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 01-22
ཉེ་ཆར། དུས་ཡུན་ཟླ་བ་གཅིག་ལ་ཁུལ་ཨུའི་རྩ་འཛུགས་པུའུ་དང་། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། གུང་གཞོན་ཚོགས་པའི་ཁུལ་ཨུ། སི་ཁྲོན་མི་རིགས་སློབ་གླིང་བཅས་ཀྱིས་མཉམ་འབྲེལ་སྒོས་འཛུགས་གཉེར་བྱས་པའི་ཁུལ་ཡོངས་ཀྱི་སྐབས་དང་པོའི་སློབ་ཆེན་སློབ་མའི་ལས་གཏོད་ཀྱི་འགྲན་བསྡུར་བྱེད་སྒོ་དེ་སི་ཁྲོན་མི་རིགས་སློབ་གླིང་དུ་མཇུག་སྒྲིལ་ཞིང་། འགྲན་བསྡུར་ནང་ཞུགས་པའི་ལས་གཞི་14ལ་དཔྱད་བསྡུར་བྱས་མཐར་དར་མདོ་གྲོང་ཁྱེར་ཅ་ཡུས་ཕྱུགས་ཟོག་འཚོ་མཁན་གྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་གཞི་ལ་སྐར་མ88.43ཐོབ་ནས་ཨང་དང་པོའི་བྱ་དགའ་ཐོབ།
ལས་གཏོད་ཀྱི་འགྲན་བསྡུར་བྱེད་སྒོ་མ་སྤེལ་བའི་སྔོན་དུ། སི་ཁྲོན་མི་རིགས་སློབ་གླིང་གིས་དམིགས་བསལ་དུ་ལས་གཏོད་ཀྱི་སྒྲོག་འགྲེལ་སྤེལ་ནས། ཞིང་ཆེན་ལས་གཏོད་ཀྱི་ཆེད་རམས་པ་ཝང་ཧྲི་ཏེ་དང་། ལི་ཀྲེང་ཀྲི། ཀྲང་ཆིན་ཕིང་བཅས་ཆེད་དུ་གདན་འདྲེན་ཞུས་ནས་སློབ་ཆེན་སློབ་མའི་ལས་གཏོད་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཁག་བགོས་ནས《ལས་གཏོད་བྱ་རྒྱུར་མི་སྐྲག་པ།》དང་《ཅི་འདྲ་བྱས་ཏེ་སྲོག་ཤིང་ལྟ་བུའི་ལས་གཏོད་ཀྱི་རུ་ཚོགས་འཛུགས་སྟངས》《གློག་རྡུལ་ཚོང་ཁང་ཆེན་པོའི་དུས་རབས་སུ་ལས་སྒོ་ཆུང་གྲས་གསར་གཏོད་བྱེད་སྟངས་ཀྱི་ཐབས་ལམ》བཅས་ཀྱིས་བརྗོད་དོན་བྱས་པའི་འཆད་འཁྲིད་བྱས། ཆེད་རམས་པ་ཚོས་ལྟ་ཕྱོགས་མི་འདྲ་བ་དང་གཙོ་བོར་འཛིན་ཡུལ་མི་འདྲ་བའི་ཆ་ནས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གསེད་འགྲེལ་དང་དབྱེ་ཞིབ་ཟབ་མོ་བྱས།
སི་ཁྲོན་མི་རིགས་སློབ་གླིང་གི་འགོ་གཙོ་གཞོན་པ་ཀྲན་ཞན་ཡིའུ་ཡིས་ལས་གཏོད་ཀྱི་ཆེད་རམས་པ་ཚོས་ལས་སྐྲུན་འཛུགས་ཀྱི་ཟུར་ཁྲིད་བྱས་ནས། སློབ་མ་ཚོར་ཡང་དག་པའི་ལས་ཞུགས་ལས་སྐྲུན་གྱི་འདུ་ཤེས་ཆགས་པར་བྱས་ཏེ་སློབ་མ་ཚོའི་ལས་ཞུགས་ལས་སྐྲུན་གྱི་འགྲན་སློང་འཇོན་ནུས་ཇེ་དྲག་ཏུ་བཏང་སྟེ་དགེ་མཚན་ལྡན་པའི་ནུས་པ་ཐོན་ངེས་རེད་ཅེས་བཤད།།