ཞིང་ཆེན་ཏང་ཨུའི་གྲོང་གསེབ་བྱ་བའི་བཞུགས་མོལ་ཚོགས་འདུ་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-23


        ཟླ་དང་པོའི་ཚེས་22ཉིན། ཞིང་ཆེན་ཏང་ཨུའི་གྲོང་གསེབ་བྱ་བའི་ཚོགས་འདུ་དེ་ཁྲེན་ཏུའུ་ནས་འཚོགས། ཚོགས་འདུའི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་། ཀྲུང་དབྱང་གི་གྲོང་གསེབ་བྱ་བའི་གྲོས་ཚོགས། རྒྱལ་ཡོངས་དབུལ་སྐྱོར་གསར་སྦོལ་བྱ་བའི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་བ་བྱས་ནས། སྤྱི་ལོ་2016ལོའི་ཞིང་ཆེན་ཡོངས་ཀྱི་ཞིང་གསུམ་བྱ་བར་སྤྱི་བསྡོམས་དང་།2017ལོའི་ཞིང་ལས་དང་གྲོང་གསེབ། དབུལ་སེལ་འགག་སྒྲོལ་གྱི་བྱ་བར་བཀོད་སྒྲིག་གནང་བ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་ཐོག་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོར་གྲོས་ཞིབ་བྱེད་པའི་སྐབས་ཀྱི་གསུངས་བཤད་གལ་ཆེན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཞིང་དཔོན་དབྱི་ལི་ཡིས་ཞིང་གསུམ་བྱ་བ་ལེགས་པོར་བསྒྲུབ་དགོས་པའི་ཐད་ཀྱི་མཛུབ་སྟོན་བརྒྱུད་བསྒྲགས་གནང་བ།
        ཚོགས་ཐོག་2017ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ལག་བསྟར་བྱེད་པའི་གནད་འགག་གི་ལོ་གཅིག་ཡིན་ལ། མཁོ་སྤྲོད་ལོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱིས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་ལོ་གཅིག་ཀྱང་ཡིན་པས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་སྲ་བརྟན་དུ་གཏོང་བ་དང་། མཁོ་སྤྲོད་ལོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་གྱིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། ཧུར་ཐག་གིས་ཞིང་ལས་དང་གྲོང་གསེབ་བྱ་བའི་འཕེལ་རྒྱས་དེ་སྐས་རིམ་གསར་པ་ཞིག་ཏུ་བསྐྱོད་པར་སྐུལ་འདེད་གཏང་དགོས་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1