ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཀྱིས་ལས་ཞུགས་ཐུབ་མེད་པའི་ཁོངས་གཏོགས་མི་སྣར་ལས་གནས་མཁོ་འདོན་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-30


        ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཀྱིས་ཁོངས་གཏོགས་ཀྱི་ལས་ཞུགས་ཐུབ་མེད་པའི་མི་སྣར་ལས་མི་བསྡུ་བའི་ཚོགས་འདུ་དང་སྦྱོང་བརྡར་འཛིན་གྲྭར་ཞུགས་རྒྱུ་སྒྲིག་འཛུགས་ཧུར་ཐག་བྱས་པ་དང༌། ལས་ཞུགས་ལས་གནས་གསར་སྤེལ་སོགས་ཀྱི་ཐབས་ལམ་སྣ་ཚོགས་ཐོག་ནས། ཁྲེན་ཀོན་ཆུས་ཀྱི་ལས་ཞུགས་ཐུབ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།
       ད་བར་ཁྲེན་ཀོན་ཆུས་ཀྱི་གྲོང་ཁྱེར(གྲོང་རྡལ)གྱི་གསར་དུ་ལས་ཞུགས་ཐུབ་པའི་མི་གྲངས་805ཟིན་པའི་ནང་། གྲོང་ཁྱེར(གྲོང་རྡལ)དུ་གསར་དུ་ལས་ཞུགས་ཐུབ་ཚད་མི་གྲངས་480ཟིན་པ་དང༌། ལས་ཤོར་མི་སྣ་སླར་ཡང་ལས་ཞུགས་ཐུབ་ཚད་མི་གྲངས་144ཟིན་པ། ཞིང་འབྲོག་མང་ཚོགས་ལས་ཞུགས་སྤོ་སྒྱུར་བྱེད་ཚད་མི་གྲངས་181ཟིན་པ་བཅས་བྱུང་ཡོད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1