ཞི་ཅིན་ཕིང་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར་དུ་ཕེབས་ཏེ་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བར་རྟོག་ཞིབ་མཛད།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 01-25




        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་ཉེར་གསུམ་ཉིན་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར་དུ་ཕེབས་ཏེ་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བར་རྟོག་ཞིབ་མཛད།
ཚེས་ཉེར་གསུམ་ཉིན། ཞི་ཅིན་ཕིང་གིས་ཡུན་ཏེན་ཁངས་ཤུད་ར་བའི་ནང་སྦྱོང་བརྡར་བྱེད་པའི་རྒྱལ་ཁབ་ཁངས་ཤུད་ལུས་རྩལ་པར་འཚམས་འདྲི་བྱས་པ་དང་ལུས་རྩལ་པ་རྣམས་ཀྱིས་ཞི་ཅིན་ཕིང་ལ་སྦྱོང་བརྡར་དང་འགྲན་ཞུགས་གནས་ཚུལ་ཡར་ཞུ་བྱས་པར་མ་ཟད་ཐེངས་འདིའི་ཁངས་ཤུད་འགྲན་ཚོགས་ཁྲོད་དུ་གྲུབ་འབྲས་བཟང་བོ་ལེན་རྒྱུའི་ཚུལ་བསྟན།
        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་ཉེར་གསུམ་ཉིན་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར་དུ་ཕེབས་ཏེ་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བར་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོའི་པེ་ཅིན་ཨོ་རྩལ་འགྲན་ཚོགས་བསྡུ་བའི་གྲ་སྒྲིག་བྱ་བ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཡིན་པས། འབྲེལ་ཡོད་ས་གནས་དང་ལས་ཁུངས་ཀྱིས་སྔོན་ཆད་ལས་གཟབ་རྒྱས་ཆེ་བའི་ཨོ་རྩལ་འགྲན་ཚོགས་ཤིག་བསྒྲུབ་དགོས་པ་དང་། ཚན་རིག་དང་མཐུན་ཞིང་ལུགས་མཐུན་སྒོས་འཆར་འགོད་བྱེད་དགོས་ལ། ཐོན་ཁུངས་བཀོལ་སྤྱོད་གང་ལེགས་བྱེད་པ་དང་སྤུས་ཚད་ལེགས་པའི་སྒོ་ནས་གྲ་སྒྲིག་བྱ་བའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས་ཟེར།
        ཉིན་དེའི་སྔ་དྲོར་ཞི་ཅིན་ཕིང་པེ་ཅིན་ནས་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཀྲང་ཅ་ཁོའུ་གྲོང་ཁྱེར་གྱི་ཉིན་ཡོན་གནམ་གྲུ་ཐང་དུ་ཐོན་མ་ཐག་ཏུ་ཧོ་པེ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲའོ་ཁི་ཀྲི་དང་ཧྲིན་ཀྲང་ཀྲང་ཆིན་ཝེ་གཉིས་ཀ་དང་ལྷན་དུ་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བསྡུ་བའི་ཀྲང་ཅ་ཁུག་འགྲན་ཁུལ་དུ་ཕེབས་ནས་གནས་སྐབས་ཀྱི་འགྲེམ་སྟོན་ཁང་ལ་རྟོག་ཞིབ་མཛད།
        ཀྲང་ཅ་ཁོའུ་འགྲན་ཁུལ་ནི་ཧྭ་པེ་ས་ཁུལ་དུ་ཧ་ཅང་ཆ་རྐྱེན་འཛོམས་པའི་རང་བྱུང་ཁངས་ཤུད་ཁུལ་ཁུངས་ཡིན་པ་དང་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་ཁངས་ཤུད་རྣམ་གྲངས་ཚང་མ་འགྲན་ཁུལ་དེ་རུ་བསྡུ་རྒྱུ་རེད། ཞི་ཅིན་ཕིང་གིས་ས་དེའི་འབྲེལ་ཡོད་མི་སྣའི་མཚམས་སྦྱོར་ལ་ཉན་པར་མ་ཟད་འགྲན་ཁུལ་གྱི་གྲ་སྒྲིག་བྱ་བ་སྣ་ཚོགས་འཆར་འགོད་ལྟར་ལག་བསྟར་བྱས་པར་ཁས་ལེན་བྱས། ཁོང་གིས་བསྟན་དོན། ཧོ་པེ་ཅིན་ཞིང་ཆེན་དང་ཀྲང་ཅ་ཁོའུ་གྲོང་ཁྱེར་གྱིས་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ་དང་། པེ་ཅིན་དང་ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་ཟུང་འབྲེལ་བྱེད་དགོས་ལ། པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བསྡུ་བ་བརྒྱུད་ནས་ཕྱོགས་སོ་སོའི་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པ་དང་ཧུར་ཐག་སྒོས་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བ་དང་ས་གནས་ཀྱི་འཕེལ་རྒྱས་ཐད་ལ་ནུས་པ་ཆེན་པོ་འདོན་དགོས་ཟེར།
        དེའི་རྗེས་སུ་ཞི་ཅིན་ཕིང་ཁངས་ཤུད་ར་བའི་སྦྱོང་བརྡར་བྱེད་སར་ཕེབས་ཏེ་འགྲན་བསྡུར་ར་བའི་འཆར་འགོད་དང་འཛུགས་སྐྲུན་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་པ་དང་ཁངས་ཤུད་འགྲན་བསྡུར་གྱི་རྣམ་གྲངས་བཀོད་སྒྲིག་དང་ར་བའི་རེ་བ། འགྲན་བསྡུར་གྱི་སྒྲིག་སྲོལ་སོགས་ལ་རྒྱུས་ལོན་མཛད། ཁངས་ཤུད་ར་བ་དེ་མ་ལེ་ཞི་ཡའི་ཡུན་ཏེན་སྡེ་ཚོགས་ཀྱིས་མ་དངུལ་བཏང་སྟེ་འཛུགས་སྐྲུན་བྱེད་བཞིན་ཡོད་པས། ཞི་ཅིན་ཕིང་གིས་ཡུན་ཏེན་སྡེ་ཚོགས་ཀྱིས་ནན་ཏན་སྒོས་ར་བའི་འཆར་འགོད་ལག་བསྟར་བཟང་བོ་བྱས་ནས། ཁངས་ཤུད་ར་བའི་འཛུགས་སྐྲུན་དང་འབྲེལ་ཡོད་སྒྲིག་ཆས་འཛུགས་སྐྲུན་གྱི་སྤུས་ཚད་ལ་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།
        ཞི་ཅིན་ཕིང་གིས་ད་དུང་ཡུན་ཏེན་ཁངས་ཤུད་ར་བའི་ནང་སྦྱོང་བརྡར་བྱེད་པའི་རྒྱལ་ཁབ་ཁངས་ཤུད་ལུས་རྩལ་པར་འཚམས་འདྲི་བྱས་པ་དང་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྦྱོང་བརྡར་དང་འགྲན་ཞུགས་གནས་ཚུལ་ཡར་ཞུ་བྱས་པར་མ་ཟད་ཐེངས་འདིའི་ཁངས་ཤུད་འགྲན་ཚོགས་ཁྲོད་དུ་གྲུབ་འབྲས་བཟང་བོ་ལེན་རྒྱུའི་ཚུལ་བསྟན། ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁངས་ཤུད་རུ་ཁག་གིས་སྤོབས་པ་ཆེན་པོས་འགན་འཁྲི་དང་ལེན་བྱེད་པ་དང་དཀའ་སྤྱད་སྒོས་སྦྱོང་བརྡར་བྱས་ཏེ་ཁངས་ཤུད་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས་པར་མ་ཟད་རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་བྱེད་དགོས་ཞེས་ནན་གྱིས་གསུངས།    །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1