ལི་ཁེ་ཆང་གིས་གཙོ་སྐྱོང་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བ། སྤེལ་དུས། 02-04


        རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚེས་གསུམ་ཉིན་གཙོ་སྐྱོང་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། དམངས་ཆེན་འཐུས་མིས་བཏོན་པའི་གྲོས་གཞི་དང་སྲིད་གྲོས་ཨུ་ཡོན་གྱིས་བཏོན་པའི་གྲོས་གཞི་བསྒྲུབས་པའི་གནས་ཚུལ་ཡར་ཞུ་བྱས་པར་གསན་ཞིང་ལྟ་རྟོག་དང་ལེན་བཟང་བོ་བྱས་ཏེ་ཚན་རིག་ལྟར་ཐབས་ཇུས་བཀོད་པར་ཡར་སྐུལ་གཏོང་དགོས་པ་བསྟན་པ་དང་། ཞིང་བ་ལས་བཟོ་བའི་གླ་ཕོགས་འགོར་འགྱངས་སུ་བཏང་བ་ཐག་གཅོད་པའི་ཡུན་རིང་རྐྱེན་སྲོལ་བཙུགས་ཏེ། ཞིང་བ་ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱ་རྒྱུ་བཀོད་སྒྲིག་བྱས་ཤིང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྒྱལ་ཁབ་ཀྱི་ཟས་རིགས་དང་སྨན་རྫས་བདེ་འཇགས་འཆར་འགོད་ལ་གྲོས་འཆམ་བྱུང་ནས། མི་དམངས་བདེ་ཐང་ཡོང་བ་འགན་སྲུང་བྱས།
        གྲོས་ཚོགས་ནས་བསྟན་དོན། གྲོས་གཞི་བསྒྲུབས་པ་ནི་སྲིད་གཞུང་གིས་བློ་གྲོས་གཅིག་སྡུད་དང་དམངས་ཚིས་ལ་ཡིད་འཇོག་བྱས་པ་དང་། ཁྲིམས་ལྟར་སྲིད་འཛིན་ལག་བསྟར་བྱས་པའི་མཚོན་བྱེད་གཙོ་བོ་ཡིན། ན་ནིང་ལས་ཁུངས་སོ་སོས་འགོ་ཁྲིད་དེ་བསྒྲུབས་པའི་གྲོས་གཞི་གཉིས་ཀྱིས་སོ་སོར་བརྒྱ་ཆའི་གོ་གཅིག་ལྷག་དང་བརྒྱ་ཆའི་དགུ་བཅུ་ལྷག་ཟིན་ཡོད་དང་། འབྲེལ་ཡོད་སྲིད་ཇུས་གཏན་འཁེལ་བྱེད་སྐབས་བསམ་འཆར་དང་གྲོས་གཞི་སྟོང་གསུམ་ལྷག་དང་ལེན་བྱས་ནས་སྲིད་གཞུང་བྱ་བར་སྐུལ་འདེད་ཆེན་པོ་བཏང་ཞེས་བསྟན། 
        ཚོགས་ཐོག་ནས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྒྱལ་ཁབ་ཀྱི་ཟས་རིགས་དང་སྨན་རྫས་བདེ་འཇགས་འཆར་འགོད་ལ་གྲོས་འཆམ་བྱུང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1