ཞིང་ལས་དངུལ་ཁང་དར་མདོ་རྫོང་ཡན་ལག་དངུལ་ཁང་གིས་དངུལ་རྩའི་ཤེས་བྱ་ལེ་དབར་ཁྲི་ལ་ཁྱབ་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-30


        སྤྱི་ཚོགས་མང་ཚོགས་ཀྱི་དངུལ་རྩ་ཤེས་བྱའི་ཆུ་ཚད་མཐོ་རུ་གཏོང་བ་དང་ཕུན་སུམ་ཚོགས་པ་བྱེད་པ།   སྤྱི་ཚོགས་ཡོངས་ཀྱི་ཁ་བཤད་དོན་གནས་ཀྱི་འདུ་ཤེས་མཐོ་རུ་གཏོང་བ། སྤྱི་ཚོགས་མང་ཚོགས་དང་དངུལ་རྩའི་ལས་གཉེར་བར་གྱི་ལས་ཀ་ཡག་པོ་སྤེལ་རེས་བྱེད་པར་སྐུལ་འདེད་གཏོང་བ་དང་།  ཆབས་ཅིག་ཏུ་དངུལ་རྩའི་སྐྱོན་མེད་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཆེད། ཞིང་ལས་དངུལ་ཁང་དར་མདོ་རྫོང་ཡན་ལག་དངུལ་ཁང་གིས་གོང་རིམ་གྱི་རེ་འདུན་ལྟར། ཟླ་བ་6པའི་ཟླ་འགོར་དངུལ་རྩའི་ཤེས་བྱ་ལེ་དབར་ཁྲི་ལ་ཁྱབ་པ་ཞེས་པའི་དངུལ་རྩའི་འཛད་སྤྱོད་པར་སློབ་གསོ་དང་ཞབས་ཕྱི་སྒྲུབ་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།ཐེངས་འདིའི་བྱེད་སྒོ་བརྒྱུད་དེ་སྤྱི་ཚོགས་མང་ཚོགས་ཀྱི་དངུལ་རྩའི་ཤེས་བྱ་དང་ཁ་བཤད་དོན་གནས་ཀྱི་འདུ་ཤེས་མཐོ་རུ་གཏོང་བ་དང་དངུལ་རྩའི་སྐྱོན་མེད་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པར་སྐུལ་འདེད་ནུས་ལྡན་བཏང་བས་མ་ཚད་རྗེས་མའི་དངུལ་རྩའི་ཤེས་བྱ་ལེ་དབར་ཁྲི་ལ་ཁྱབ་པ་ཞེས་པའི་དངུལ་རྩའི་འཛད་སྤྱོད་པར་སློབ་གསོ་དང་ཞབས་ཕྱི་སྒྲུབ་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་རྨང་གཞི་ཡག་པོ་ཞིག་བཏིང་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1