ཉེ་ཆར། ལི་ཐང་རྫོང་གི་གེ་སར་ཐང་ཆེན་ནི་གླུ་གར་གྱི་རྒྱ་མཚོ་ཞིག་ཏུ་གྱུར། བོད་ཁུལ་གྱི་ཁྱད་ཆོས་ལྡན་པའི་ལི་ཐང་རྫོང་གི་2017ལོའི་བདེ་སྐྱིད་ཀྱི་ཁྱིམ་གཞིས། བཀྲ་ཤིས་པའི་ལོ་སར་ཞེས་པའི་རིག་རྩལ་སྤྲོ་ཚོགས་གེ་སར་ཐང་ཆེན་དུ་སྤེལ། ལི་ཐང་རྫོང་དང་རྫོང་མཐའ་འཁོར་གྱི་ཞིང་འབྲོག་མང་ཚོགས་3000ལྷག་ཐེངས་འདིའི་སྤྲོ་ཚོགས་སུ་ཞུགས།
རིག་རྩལ་སྤྲོ་ཚོགས་ཁྲོད་ལི་ཐང་རྫོང་གི་སྒྱུ་རྩལ་ཚོགས་པ་དང་དྲག་ཆས་ཉེན་རྟོག་འཐབ་འཛིང་དམག་མི་སོགས་ཀྱིས་རྒྱལ་ཆེ་བའི་མང་ཚོགས་རྣམས་ལ་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་ཤིང་། ཁྱད་ཆོས་ལྡན་པའི་བོད་ཀྱི་ཟློས་གར་དང་ཞབས་བྲོ། དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་བོད་གླུ་སོགས་འཁྲབ་སྟོན་བྱས་ནས་རྒྱལ་ཆེ་བའི་ལྟད་མོ་བ་རྣམས་ཀྱི་མིག་དབང་ཅིག་ཅར་ཏུ་འཕྲོག