ཕྱག་ཕྲེང་རྫོང་དང་སི་ཁྲོན་ཞིང་ཆེན་ཡུལ་སྐོར་སློབ་གྲྭ་གཉིས་ཀྱིས་མཉམ་དུ་ཡུལ་སྐོར་དབུལ་སྐྱོར་གྱི་ལས་དོན་སྤེལ།
ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-14
ཉེ་ལམ། ཕྱག་ཕྲེང་རྫོང་དང་རྫོང་དེ་གའི་ཁ་གཏད་རོགས་སྐྱོར་ལས་ཁུངས་སི་ཁྲོན་ཞིང་ཆེན་གྱི་ཡུལ་སྐོར་སློབ་གྲྭ་གཉིས་ཀྱིས 《ཕྱག་ཕྲེང་རྫོང་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་ཡུལ་སྐོར་སློབ་གྲྭ་གཉིས་ཀྱིས་རྫོང་དང་སློབ་གྲྭ་མཉམ་ལས་གཞི་སྒྲོམ་ཆིངས་ཡིག》 ལ་གྲོས་བསྡུར་བྱས་ཏེ་གྲོས་མཐུན་བྱུང་། ཕྱོགས་གཉིས་ཀྱི་ལེགས་ཆ་ཕན་ཚུལ་ཁ་གསབ་དང་མཉམ་དུ་འཕེལ་རྒྱས་ཀྱི་རྩ་དོན། ཕྱོགས་གཉིས་ཞབས་ཞུ། མཉམ་ལས་མཉམ་འཕེལ་གྱི་རྨང་གཞི་སྟེང་རྫོང་དང་སློབ་གྲྭའི་ལེགས་ཆ་བེད་སྤྱོད་བྱས་ཏེ་ཕྱོགས་ཡོངས་ནས་ཕྱག་ཕྲེང་རྫོང་གི་ཡུལ་སྐོར་དབུལ་སྐྱོར་གྱི་ལས་དོན་སྤེལ།།