རྩྭ་ཐང་སྟེང་གི་སྤོར་བདེའི་འོ་སྡུད་ལས་སྟེགས།
རྩོམ་སྒྲིག་པ།ཤེས་བྱ།ཡོང་ཁུངས།སི་ཁྲོན་ཉིན་རེའི་ཚགས་པར། སྤེལ་དུས། 06-30
2012ལོའི་ཟླ་5པ་ནས་བཟུང་ད་ལྟའི་བར། ཁྱུང་མཆུ་ནོར་ནག་འོ་ལས་ཚད་ཡོད་ སྤྱི་གཉེར་ཁང་གིས་རིམ་བཞིན་དུ། འོ་མ་གྲང་འགྱུར་དང་སྡུད་ལེན། ཞིབ་བཤེར་རྩིས་ལེན་ བཅས་གཞི་གཅིག་ཏུ་ཡོད་པའི་སྤོར་བདེའི་འོ་སྡུད་ལས་སྟེགས་54བཙུགས། སྤོར་བདེའི་ ལས་སྟེགས་འདི་དག་ནམ་རྒྱུན་རྒྱང་རིང་འབྲོག་ལས་ས་ཚིགས་དག་ཏུ་སོང་ནས།དུས་ཚོད་ཐུང་ངུའི་ནང་འབྲོག་དམངས་ཀྱི་ལག་ནས་འོ་མ་ཉོས་ཏེ་ལས་སྣོན་བྱེད་ཐུབ་པར་ཁག་ཐེག་བྱས་ཤིང་།རྫོང་འདིའི་ས་ཁོངས་ཀྱི་སྐྱེལ་འདྲེན་ལམ་ཐག་རིང་དྲགས་རྐྱེན་འོ་མ་རུལ་འགྲོ་བའི་གནད་དོན་དེ་རྩ་བ་ནས་ཐག་གཅོད་བྱས་པ་མ་ཟད། འོ་མའི་སྤུས་ཀ་ལའང་ཁག་ཐེག་ ཐོབ་པ་དང་། འབྲོག་པ་མང་ཚོགས་ལ་སྔོན་ཆད་ཀྱི་འོ་རློན་འཚོང་རྒྱུ་སྟབས་མི་བདེ་བའི་ གནད་དོན་དེའང་ཐག་གཅོད་བྱས་པས་ཁོང་ཚོའི་ཐོན་སྐྱེད་དང་ཕྱིར་ཚོང་གི་བརྩོན་སེམས་གོང་མཐོར་བཏང་ངོ་།།