མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱི་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཕུན་ཚོགས་ཟླ་བ་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་སུ་ཕེབས་ཏེ་རྟོག་ཞིབ་གནང་།

དཀོན་རྡོ་རྗེས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-17


        (གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན། སྒྲོལ་མ་ལྷ་མོས་བསྒྱུར།)སྤྱི་ཟླ་2པའི་ཚེས་15ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཕུན་ཚོགས་ཟླ་བ་དང་ཡུལ་ཤུལ་བོད་རིགས་རྩོམ་པ་པོ་བསྟན་འཛིན་ཕུན་ཚོགས་གཉིས་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་སུ་ཕེབས་ཏེ་རྟོག་ཞིབ་གནང་། སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་། ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་ཀྲང་ཙེ་ཀང་དང་སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཞུའེ་ཕིང་། སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཁང་གི་རྩོམ་སྒྲིག་པ་གཞོན་པ་དཀོན་མཆོག་རྡོ་རྗེ། གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་ཀྲུའུ་རེན་ལས་རོགས་པ་སྒྲོལ་མ་ཚེ་བརྟན་བཅས་ཀྱིས་སྐུ་མགྲོན་རྣམས་དང་ལྷན་དུ་གླེང་མོལ་གནང་།

        གྲོས་མོལ་སྔོན་དུ་ཕུན་ཚོགས་ཟླ་བས་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་མིག་སྔའི་གནས་ཚུལ་དང་འཕྲིན་སྦྱོར་དང་འབྲེལ་བའི་ཐོན་རྫས་ཁག་ལ་རྒྱུས་ལོན་བྱས་པར་མ་ཟད། ཕྱོགས་གཉིས་ཀྱིས་སོ་སོའི་བསྒྱུར་བཅོས་དང་འཕེལ་རྒྱས་ཐད་གླེང་མོལ་བྱས། ཕུན་ཚོགས་ཟླ་བས་ཡུལ་ཤུལ་ཁུལ་ལ་ཐུན་མོང་མ་ཡིན་པའི་མཐོ་སྒང་གི་རང་བྱུང་མཛེས་ལྗོངས་དང་ས་གནས་རང་གི་ཡུལ་སྲོལ་གོམས་སྲོལ་ཕུན་སུམ་ཚོགས་པ་ཞིག་ཡོད།  ཐང་བོད་བར་གྱི་གནའ་ལམ་ས་ཚིགས་དང་། རྒྱ་བཟའ་ཀོང་ཇོའི་དགོན་པ་དང་སྐྱེ་རྒུའི་དགོན་པ་སོགས་དགོན་སྡེ་མང་པོ་དང་མ་ཎིའི་རྡོ་མཁར་སོགས་རིག་གནས་གནའ་ཤུལ་མང་པོ་ཡོད་པར་མ་ཟད། གླུ་གར་རིག་གནས་ཀྱི་རྫོང་ཡང་ཤིན་ཏུ་སྟུག སླད་མར་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་དང་མཉམ་འབྲེལ་བྱས་ཏེ་དྲིལ་བསྒྲགས་དང་རིག་གནས་ཁྱབ་སྤེལ་ལས་དོན་ལ་ཤུགས་སྣོན་བྱ་འདོད་བའི་རེ་བ་བཏོན།  སྤྱི་ཁྱབ་རྩོམ་སྒྲིག་པ་ཞུའེ་ཕིང་གིས་ཀྱང་ཏང་དེབ་ཚོགས་པས་ཡུལ་ཤུལ་ཁུལ་གྱི་དྲིལ་བསྒྲགས་ཤུགས་ཚད་མཐོར་འདེགས་སུ་གཏང་འདོད་པར་མ་ཟད། ཡུལ་ཤུལ་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་དང་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ལྟེ་གནས་བར་གྱི་འབྲེལ་མཐུན་ལ་སྔར་ལས་ཤུགས་སྣོན་བྱས་ཏེ་ཕན་ཚུན་གཞོགས་འདེགས་ཀྱི་ནུས་པ་ཐོན་པའི་རེ་བ་བཏོན། དེ་མིན་ཕྱོགས་གཉིས་ཀྱིས་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་ཁྱབ་གདལ་དང་། གངས་ལྗོངས་ཉི་གཞོན་དང་ཁ་བཏགས་དཀར་པོ་དུས་དེབ་གཉིས་ཀྱི་དྲིལ་བསྒྲགས་དང་འགྲེམ་སྤེལ་ལས་ཀའི་ཐད་ནས་བསམ་འཆར་བརྗེ་རེས་གནང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1