ཞིང་ཆེན་ཡོངས་ལས་ཕུལ་བྱུང་དགེ་རྒན་700བདམས་ཏེ་བོད་རིགས་ས་ཁུལ་གྱི་རྫོང་ཁག་22ལ་སློབ་གསོའི་རོགས་སྐྱོར་བྱས།

སྒྲོལ་མ་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-21


        ཉེ་ལམ། གསར་འགོད་པས་2017ལོའི་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ལས་དོན་འཚོགས་འདུ་ལས་ཤེས་གསལ་བྱུང་བ་ལྟར་ན། ད་ལོར་ལག་བསྟར་བྱས་པའི་བོད་རིགས་ས་ཁུལ་གྱི་སློབ་སྐྱོར་འཆར་གཞིའི་ནང་། ཞིང་ཆེན་ཡོངས་ལས་ཕུལ་བྱུང་དགེ་རྒན་700བདམས་ཏེ་བོད་ཁུལ་གྱི་རྫོང་ཁག་22ལ་སློབ་གསོའི་རོགས་སྐྱོར་བྱས།  བོད་རིགས་ས་ཁུལ་གྱི་རྫོང་དག་གི་དགེ་རྒན་300བདམས་ནས་ནང་ལོག་ཏུ་སློབ་སྦྱོང་བྱེད་དུ་མངག་པ་དང་། དུས་མཚུངས་སུ། ནང་ལོག་གི་སློབ་གྲྭ་ཆིག་སྟོང་ཙམ་གྱིས་དེ་མཐུན་གྱི་སློབ་གསོའི་རོགས་སྐྱོར་གནང་བ་རེད། 
        ཤེས་གསལ་བྱུང་བ་ལྟར་ན། ད་ལོར་གཞུང་གཉེར་མཐོ་རིམ་ཆེད་ལས་ཚན་ཁག་གི་སློབ་མ་རེར་ཆ་སྙོམས་ནོར་སྲིད་གཏོང་དངུལ་སྒོར་1200ཟིན་པ་དང་། གཞུང་གཉེར་འབྲིང་རིམ་ཆེད་ལས་ཚན་ཁག་གི་སློབ་མ་རེར་ནོར་སྲིད་གཏོང་དངུལ་སྒོར་6000ཟིན་པར་ཁག་ཐེག་བྱས། ཞིང་ཆེན་ནས་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་བྱས་ཏེ། ཚད་གཞིར་མ་ཐོན་པའི་གྲོང་ཁྱེར་(ཁུལ)དང་རྫོང་ (གྲོང་ཁྱེར། ཁུལ།)ལ་གསལ་བརྡ་སྤྲད་དེ་དག་ཐེར་དོན་འཁྱོལ་བྱེད་པར་ལྟ་སྐུལ་བྱ་དགོས། དེ་མིན།“གྲོང་ཚོ་རེར་བུ་བཅོལ་ཁང་རེ”ཡི་འཆར་གཞི་མི་རིགས་རང་སྐྱོང་ཁུལ་གྱི་རྫོང་ཡོངས་ལ་ཁྱབ་སྤེལ་བཏང་སྟེ། ཞིང་ཆེན་གྱིས་གྲོང་ཚོ་རེར་ཆ་སྙོམས་ཟུར་ཁྲིད་པ་གཉིས་རེ་བཀོད་སྒྲིག་བྱས་ཤིང་། ཚད་གཞི་ལྟར་མི་རེར་ཟླ་བ་རེར་སྒོར་2000ཡི་འཚོ་བའི་ཁ་གསབ་རོགས་དངུལ་སྤྲད་དགོས།  འཕེལ་རྒྱས་ཀྱི་འབྲས་བུས་སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ལ་ཕན་ཐོག་པར་སྐུལ་འདེད་བྱ་ཆེད། རང་རེའི་ཞིང་ཆེན་གྱིས་ཁྱོན་ཡོངས་ནས”སྲབ་བསྒྱུར་བྱེད་པ་”དམ་དུ་བཟུང་ནས། ལག་ལེན་བརྒྱུད་རིམ་ཇེ་མགྱོགས་སུ་གཏོང་བ་དང་།ཀུན་ཕན་རང་བཞིན་ཅན་གྱི་སློབ་ལོ་མ་སོན་གོང་གི་སློབ་གསོའི་ཐོན་ཁུངས་རྒྱ་སྐྱེད་པ། བུ་བཅོལ་ཁང་གི་གླ་སྒོར་མཐོ་བ་དང་བུ་བཅོལ་ཁང་ལ་ཞུགས་དཀའ་བའི་གནད་དོན་མགྱོགས་མྱུར་གྱིས་ཐག་གཅོད་བྱེད་པ། གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ། རྫོང་ཁོངས་སུ་འོས་འགན་སློབ་གསོའི་སློབ་གྲྭའི་སློབ་གཙོ་དང་། དགེ་རྒན་གྱི་ལས་གནས་བརྗེ་རེས་རྒྱུན་རྣམ་ཅན་དུ་འགྱུར་བའི་ལམ་སྲོལ་འཛུགས་པ་དང་། སློར་གསོར་བརྟེན་ནས་གནད་སྨིན་དབུལ་སྐྱོར་ཆེད་གཉེར་འཆར་འགོད་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། “ཡུག་ཁུལ་ཆེན་པོ་བཞིའི”གཞི་རྩའི་སློབ་གསོའི་ཞབས་ཞུ་ཆུ་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བར་སྐུལ་འདེད་གཏང་དགོས། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1