ཉེ་ཆར། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་《བློ་མཐུན་ཝང་ཧྲེང་དང་ཡུས་ཧའེ་ཧོ། པི་ཧྲི་ཞང་། ཝུན་ཁྲའོ་རུང་བཅས་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཞེས་པའི་མཚན་སྙན་རྗེས་སྤྲོད་གནང་བའི་ཆོད་དོན།》སྤེལ། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་ནས་བཟུང་། ས་ཆ་སོ་སོ་ནས་མི་དམངས་ཀྱི་ཆེད་དུ་དངོས་དོན་གཉེར་བའི་སྤྱོད་གཙང་ཏང་ཡོན་དང་ལས་བྱེད་པའི་སྔོན་ཐོན་དཔེ་མཚོན་མང་པོ་བྱུང་ཞིང་། བློ་མཐུན་ཝང་ཧྲེང་དང་ཡུས་ཧའེ་ཧོ། པི་ཧྲི་ཞང་། ཝུན་ཁྲའོ་རུང་བཅས་ནི་དེའི་ཁྲོད་ཀྱི་ཕུལ་བྱུང་འཐུས་ཚབ་མི་སྣ་ཡིན། ཁོ་ཚོས་རང་ཉིད་ཀྱི་ཚེ་སྲོག་གིས་ཏང་གི་མང་ཚོགས་ལམ་ཕྱོགས་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱས་ཤིང་། ཁོ་ཚོ་ནི་དུས་རབས་གསར་པའི་གུང་ཁྲན་ཏང་མི་ཡི་མིག་དཔེ་ཡིན།
ཤེས་བྱས་བསྒྱུར།