དཀར་མཛེས་ཡུལ་དུ་གློག་འོད་ཁྱབ།— ར་རྔ་ཁ་ནས་དཀར་མཛེས་དང་སེར་ཤུལ་བར་གྱི་གློག་དྲ་སྦྲེལ་བའི་ཨར་ལས་གྲུབ་ནས་དངོས་སུ་གློག་བཏང་།

ལྷ་འཛོམས་ཀྱིས་བསྒྱུར། རྩོམ་སྒྲིག་པ།འབྲུག་མཚོ།ཡོང་ཁུངས། མི་རིགས། སྤེལ་དུས། 02-21


    2012ལོའི་ཟླ་བ9པའི་ཚེས19ཉིན་གྱི་སྔ་དྲོར་སྔོན་གྱི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཆི་པའོ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཅང་ཅུས་ཧྥུང་། རྒྱལ་ཁབ་གློག་དྲ་ཀུང་སིའི་ཏང་ཙུའུ་ཧྲུའུ་ཅི། སྤྱི་ཁྱབ་གཉེར་དཔོན་ལིའུ་ཀྲེན་ཡ་བཅས་ཀྱིས་མཉམ་དུ་གློག་གཏོང་སྒྲིག་ཆས་གྱི་སྒོ་ཕྱེ་བ་དང་ཆབས་ཅིག རང་ཁུལ་གྱི་དཀར་མཛེས་རྫོང་གི་གློག་སྒྱུར་ས་ཚུགས་དང་སེར་ཤུལ་རྫོང་གི་གློག་སྒྱུར་ས་ཚུགས་ལ་གློག་ཁྲིད་ཐུབ་ཡོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཅང་ཅུས་ཧྥུང་གིས་གློག་གཏོང་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གནང་། ཁོང་གིས་གསུང་རྒྱུར། ཁམས་པའི་མཐོ་སྒང་བརྒྱུད་པའི་གློག་དྲ་སྦྲེལ་བའི་ལས་གྲྭ་དེས་དཀར་མཛེས་བོད་ཁུལ་གྱི་བཟོ་ལས་དང་ཁེ་ལས་ཐོན་སྐྱེད་ལ་གློག་ཤུགས་ནུས་ཁུངས་སྐྱེལ་བ་དང་འབྲོག་པའི་གཞིས་ཆགས་སའི་བོད་རིགས་སྤུན་ཟླ་ལ་གསལ་ཆ་དང་བདེ་དྲོད་སྐྱེལ་བ་རེད། གློག་ཤུགས་ནི་རྨང་གཞིའི་ཐོན་ལས་གལ་ཆེན་ཞིག་ཡིན་པས། བོད་ཁུལ་གྱི་གློག་ཤུགས་འཕེལ་རྒྱས་མགྱོགས་སུ་བཏང་བ་དེས་བོད་ཁུལ་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་དོན་སྙིང་གལ་ཆེན་ལྡན་ཞིང་། ར་རྔ་ཁ་ནས་དཀར་མཛེས་དང་སེར་ཤུལ་བར་གྱི་གློག་དྲ་སྦྲེལ་བའི་ཨར་ལས་མཇུག་བསྒྲིལ་ནས་དངོས་སུ་གློག་གཏོང་བ་དེས་རྩ་བའི་ཐོག་ནས་དཀར་མཛེས་བོད་ཁུལ་ལ་གློག་སྤྱོད་དཀའ་བའི་ལོ་རྒྱུས་མཇུག་བསྒྲིལ་བ་རེད། དེས་བོད་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གློག་སྤྱོད་རྒྱུ་དང་ཞིང་ལས་དང་བཟོ་ལས་ཐོན་སྐྱེད་ཐད་གློག་སྤྱོད་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ད་དུང་གློག་ཤུགས་ཕྱིར་སྐྱེལ་གྱི་སྐུད་ལམ་འཐུས་ཚང་བཏང་ནས་བོད་ཁུལ་གྱི་ཆུ་གློག་ཐོན་ཁུངས་གསར་སྦོལ་གཏོང་རྒྱུར་ནུས་པ་གལ་ཆེན་འདོན་ཡོད་པ་རེད།

       

   

ར་རྔ་ཁ་ནས་དཀར་མཛེས་དང་སེར་ཤུལ་བར་གྱི་གློག་དྲ་སྦྲེལ་བའི་ཨར་ལས་གྲུབ་ནས་དེ་2012ལོའི་ཟླ་བ་3པའི་ཚེས་20ཉིན་ལས་འགོ་ཚུགས་ཤིང་། འགྲོ་སོང་སྒོར་དུང་ཕྱུར་30ཙམ་བཏང་ཞིང་། ར་རྔ་ཁ་ནས་བཟུང་དར་མདོ་དང་། རྟའུ། བྲག་འགོ དཀར་མཛེས། སྡེ་དགེ སེར་ཤུལ་བཅས་ཁྱོན་བསྡོམས་ལེ་བར་1015ཡོད། 



                                                                                                                                                   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1