ད་ལོར་རང་རེའི་ཞིང་ཆེན་གྱིས་གྲོང་ཚོ་རིམ་པའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཚོད་ལྟའི་ས་ཚིགས་འཛུགས་པར་རོགས་སྐྱོར་བྱེད་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-22
ད་ལོའི་ལོ་སྟོད་དུ་རང་རེའི་ཞིང་ཆེན་གྱི་སྡེ་ཁག་བདུན་གྱིས་མཉམ་འབྲེལ་ཐོག་གྲོང་གསེབ་ཀྱིས་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་གཏོང་བ་དང་། གྲོང་གསེབ་གྱི་གསར་དར་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཚོད་ལྟའི་སྐོར་གྱི་བསམ་འཆར་ཅེས་པ་བཏོན་པའི་རྨང་གཞིའི་ཐོག ཞིང་ཆེན་ནོར་སྲིད་ཐིང་དང་ཞིང་ཆེན་ཏང་ཨུའི་གྲོང་གསེབ་བྱ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཉིན་འགའི་སྔོན་དུ་བརྡ་ཐོ་བཏང་ནས། ལོ་ནས་བཟུང་གྲོང་གསེབ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཚོད་ལྟའི་ས་ཚིགས་འཛུགས་པར་རོགས་སྐྱོར་བྱེད་འགོ་ཚུགས་རྒྱུ་དང་། གྲོང་གསེབ་རིམ་པའི་ཐུན་མོང་དཔལ་འབྱོར་གྱི་སྟོབས་ཤུགས་ཇེ་ཆེར་གཏང་རྒྱུར་འཚོལ་ཞིབ་བྱེད་པ་དེ་གསལ་བོར་བསྟན།
རང་རེའི་ཞིང་ཆེན་གྱིས་རྫོང་གི་ཚོད་ལྟའི་ས་ཚིགས་50ལེགས་འདེམས་བྱས་པར་མ་ཟད། ལོ་རེར་རྒྱབ་སྐྱོར་མ་དངུལ་སྒོར་དུང་ཕྱུར་ལྔ་རེ་བཀོད་སྒྲིག་བྱས། ཚོད་ལྟའི་ས་ཚིགས་ཀྱི་རྫོང་སོ་སོའི་སྲིད་འཛིན་གྲོང་ཚོའམ་གྲོང་མིའི་ཚོ་ཆུང་དེ་ཚོད་ལྟའི་ཚན་པར་བགོ་བ་དང་། ཉུང་མཐར་ཡང་སྲིད་འཛིན་གྲོང་ཚོ་བཅུ་ཡིན་ཡན་འདེམས་ནས་ཚོད་ལྟའི་གྲོང་ཚོ་འཛུགས་རྒྱུ་རེད། འོས་འཚམས་ཀྱི་སྒོ་ནས་ཞིང་ལས་གཉེར་སྐྱོང་དང་གྲོང་གསེབ་ཀྱི་ཞབས་ཞུ་ལས་རིགས། གཞིས་ཁུལ་གྱི་དོ་དམ་དང་མཉམ་ལས་གཉེར་སྐྱོང་བྱེད་པ་སོགས་འཕེལ་རྒྱས་ཀྱི་ལམ་བུ་མི་གཅིག་པ་བཞི་དེ་ལྟ་ཞིབ་འཚོལ་ཞིབ་བྱེད་པ། ས་ཞིང་མ་རྐང་མཉམ་ལས་ཀྱི་གཉེར་སྐྱོང་འཚོལ་ཞིབ་དང་། སྲིད་འཛིན་གྲོང་གསེབ་ཁྱབ་ཁོངས་ཀྱི་ས་ཞིང་མ་རྐང་མཉམ་ལས་ཁང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏང་དགོས། ཤང་གྲོང་གིས་ཐུན་མོང་ཐོག་དཔལ་འབྱོར་འཕེལ་རྒྱས་གཏོང་བ་སྟེ་ཁྲོམ་ར་དང་ཚོང་རྟགས། ཐོན་ལས། ངལ་རྩོལ་ནུས་པ་སོགས་ཕྱོགས་སུ་མཉམ་འགུལ་མཉམ་ལས་བྱེད་པར་ཤུགས་བསྣན་ནས། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཤང་དང་རྫོང་ཁྱབ་ཁོངས་སུ་མཉམ་འདྲེས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། དེ་མིན་གཙོ་ཁྲིད་ནུས་པ་ལྡན་པའི་ཐོན་རྫས་ཀྱི་ཚོང་རྟགས་གྲགས་ཅན་གསོ་སྐྱོང་བྱས་ནས་ཐོན་ལས་ཕྱིའི་འགྲན་རྩོད་ནུས་པ་མཐོར་འདེགས་སུ་གཏང་དགོས།
ཚོད་ལྟའི་ས་ཚིགས་ཀྱི་གྲོང་ཚོ་སོ་སོའི་གྲོང་གསེབ་ཀྱི་གཅིག་བསྡུས་དཔལ་འབྱོར་རྩ་འཛུགས་ཁུལ་བཙུགས་པར་དཔལ་འབྱོར་མཉམ་ལས་ཁང་སམ་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གི་རྩ་འཛུགས་གི་རྣམ་པ་ལྟར་འདེམས་ཆོག་པར་མ་ཟད། བབ་མཚུངས་ཀྱི་བཅོས་སྐྱོང་ལས་ཁུངས་ཡང་འཛུགས་ཆོག་པ་རེད། ཐུན་མོང་གི་རྒྱུ་ནོར་དང་མ་དངུལ་གཙང་བཤེར་དང་མ་རྩ། དེ་མིན་ཁོངས་མི་དབྱེ་བར་སྐུལ་འདེད་བཏང་ནས། ཆ་རྐྱེན་ཡོད་པ་རྣམས་ཀྱིས་མ་རྐང་མཉམ་ལས་ལམ་ལུགས་བཅོས་བསྒྱུར་བྱེད་པ་ཁྱབ་སྤེལ་བཏང་ནས། གཉེར་སྐྱོང་རང་བཞིན་ལྡན་པའི་མ་རྩའི་མ་རྐང་དུ་ཕབ་པའི་ཚད་དེ་ཐུན་མོང་དཔལ་འབྱོར་རྩ་འཛུགས་གི་ཁུངས་སུ་ཁྲོད་བགོས་ཏེ། ནོར་སྲིད་དོ་དམ་དང་ཡོང་འབབ་བགོ་བཤའ་རྒྱག་པའི་ལམ་ལུགས་འཐུས་ཚང་སུ་བཏང་ཐོག སྲིད་འཛིན་དང་དཔལ་འབྱོར་གཉིས་སོ་སོ་བྱེད་པར་སྐུལ་འདེད་དང་གྲོང་གསེབ་ཀྱི་གྲོང་དམངས་ཨུ་ཡོན་ལྷན་ཁང་དང་གྲོང་ཚོའི་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་འབྲེལ་བ་མཐུན་འགྱུར་ཡོང་བ་བྱེད་དགོས།།