སྤྱི་ཟླ་2པའི་ཚེས་18ནས་ཚེས19ཉིན་བར། དཀར་མཛེས་ཁུལ་ལི་ཐང་རྫོང་གི་འཇའ་བའི་ཟློས་གར་རིག་གནས་བརྗེ་རེས་ཚོགས་པ་ཁྲིན་ཏུ་གྲོང་ཁྱེར་གྱི་ཅིན་ཐང་རྫོང་ཤིན་ཏུའུ་ས་ཁུལ་ཏུ་ཕྱིན་སྟེ། ལི་ཐང་རྫོང་གི་སྲོལ་རྒྱུན་རིག་གནས་ཏེ་སི་ཁྲོན་ཞིང་ཆེན་གྱི་མངོན་མེད་ཤུལ་བཞག་རིག་གནས་ཏེ་འཇའ་བའི་ཟློས་གར་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བར་ས་གནས་ཀྱི་ལྟད་མོ་བ་དང་འགོ་ཁྲིད་དག་གིས་དགའ་བསུ་ཆེན་པོ་ཐོབ།།