ཉེ་ཆར། དཀར་མཛེས་ཁུལ་རྫོང་ཡོངས་ཀྱིས་གླུ་གར་གྱི་བྱེད་སྒོ་ཕུན་སུམ་ཚོགས་པ་སྤེལ་ནས་གནམ་ལོ་གསར་པ་བསུས། ཚེས་གསུམ་ཉིན་དཀར་མཛེས་རྫོང་རོང་པ་ཚས་རྟ་རྒྱུག་བྱེད་སྒོ་སྤེལ། ས་ཁུལ་དེའི་ཡུལ་ཤོག་དང་གྲོང་རྡལ་དྲུག་གི་རྟ་པ་160འགྲན་བསྡུར་ནང་ཞུགས་ཤིང་། ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་ལྟད་མོ་བ་ཁྲི་ལྷག་རྟ་རྒྱུག་བྱེད་སྒོར་ཞུགས།