རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་གཞི་རྩའི་སྤྱི་ཐུན་ཞབས་ཕྱི་འདྲ་མཉམ་ཅན་དུ་སྒྱུར་བའི་འཆར་འགོད»འགྲེམ་སྤེལ་བྱས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་དྲ་བ། སྤེལ་དུས། 03-02
ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་ཆོག་མཆན་བཀོད་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ལམ«ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་གཞི་རྩའི་སྤྱི་ཐུན་ཞབས་ཕྱི་འདྲ་མཉམ་ཅན་དུ་སྒྱུར་བའི་འཆར་འགོད»འགྲེམ་སྤེལ་བྱས། གཞི་རྩའི་སྤྱི་ཐུན་ཞབས་ཕྱི་འདྲ་མཉམ་ཅན་དུ་སྒྱུར་བ་ནི་སྤྱི་དམངས་ཡོངས་ཀྱིས་འདྲ་མཉམ་ཡིན་པའི་གཞི་རྩའི་སྤྱི་ཐུན་ཞབས་ཕྱི་ལོངས་སུ་སྤྱོད་ཐུབ་པ་དེ་ཡིན་པ་དང་དེའི་སྲོག་ཤིང་ནི་གོ་སྐབས་འདྲ་མཉམ་ལ་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ལ་གཞི་རྩའི་སྤྱི་ཐུན་ཞབས་ཕྱིའི་གོ་སྐབས་ཐོབ་པ་དེ་རེད།
«འཆར་འགོད»ལས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོའི་བར་དུ་གཞི་རྩའི་སྤྱི་ཐུན་ཞབས་ཕྱིའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྒྲིག་སྲོལ་རྐྱེན་སྲོལ་སྔར་ལས་ཆ་ཚང་དུ་གཏོང་དགོས་ལ། བསླབ་ན་ཁྲིད་མཁན་ཡོད་པ་དང་ལས་ན་ཐོབ་བྱ་ཡོད་པ། ནད་ཡོད་ན་སྨན་བཅོས་ཐུབ་པ། རྒས་ན་གཉོར་མཁན་ཡོད་པ། འདུག་ན་ཁང་བ་ཡོད་པ་སོགས་ཀྱི་ཕྱོགས་ནས་གྲུབ་འབྲས་གསར་བ་ལེན་པ་དང་། གཞི་རྩའི་སྤྱི་ཐུན་ཞབས་ཕྱི་འདྲ་མཉམ་ཅན་དུ་སྒྱུར་བ་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་དགོས་ཟེར།