རང་ཞིང་གིས་བྱེད་ཐབས་བཅུ་གཉིས་བཏོན་ནས་འཇོན་མིའི་གྲངས་མཛོད་འཛུགས་སྐྲུན་བྱ་རྒྱུ་རེད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-07


        རང་རེའི་ཞིང་ཆེན་གྱིས་མཐོ་རིམ་འཇོན་མིའི་མིང་ཐོའི་མཛོད་ཅིག་གཅིག་གྱུར་སྒོས་འཛུགས་རྒྱུ་ཡིན་པར་མ་ཟད། གཞི་གྲངས་ཆེན་མོ་དང་ཡོངས་རྩིས་ཀྱིས་དུས་བཀག་ལྟར་དབྱེ་ཞིབ་བྱེད་ཐབས་སྤྱད་ནས། མཐོ་རིམ་འཇོན་མིའི་དཔུང་ཁག་ཅིག་རྩ་འཛུགས་བྱེད་པར་ཐབས་འདོན་ཇུས་འདོན་བྱེད་གནས་ཀྱི་སྟེགས་བུ་ཞིག་མཁོ་སྤྲོད་བྱ་རྒྱུ་རེད། ཉེ་ཆར། སི་ཁྲོན་ཞིང་ཆེན་གྱིས་འཇོན་མིའི་ལས་སྟེགས་ཆེན་མོ་བཞི་འཛུགས་སྐྲུན་བྱེད་པར་དམིགས་ནས། ཞིང་ཆེན་ཤེས་ལྡན་མི་སྣའི་གཞུང་སྒྲུབ་ཁང་གིས་བྱེད་ཐབས་བཅུ་གཉིས་བཏོན་ཏེ། སྔར་ལས་ལེགས་པའི་སྒོ་ནས་མཐོ་རིམ་འཇོན་མི་ལ་ཞབས་ཞུ་སྒྲུབ་པའི་སྟེགས་བུ་ཞིག་མཁོ་སྤྲོད་བྱ་རྒྱུ་རེད།
        གཏན་ཁེལ་བྱས་པ་ལྟར། ན་ནིང་ལོ་སྨད་དུ་བཙུགས་པའི་ཞིང་ཆེན་འཇོན་མི་ཁང་གིས་ཐོན་ཁུངས་ཆ་འཕྲིན་མཉམ་སྤྱོད་དང་གསར་སྐྲུན་ལས་སྐྲུན་གྱི་རྒྱབ་སྐྱོར། སློབ་སྦྱོང་བགྲོ་གླེང་བྱེད་པ་དང་། འཚོ་བའི་ཞབས་ཞུ་བཅས་ལ་འགན་ལེན་བྱེད་པའི་སྟེགས་བུ་བཞི་བསྐྲུན་ཡོད།
        ཐོན་ཁུངས་ཆ་འཕྲིན་མཉམ་སྤྱོད་ཀྱི་སྟེགས་བུ་བསྐྲུན་པར་འཇོན་མིའི་བྱ་བའི་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དེ་ཐོག་མིའི་གོ་གནས་སུ་འཇོག་རྒྱུ་དང་། ཞིང་ཆེན་འཇོན་མི་ཁང་གིས་ཁྱོན་ཡོངས་ནས་སི་ཁྲོན་གྱི་ཚན་རིག་ཁང་གི་འགན་འཛིན་པ་དང་བཟོ་བཀོད་ཁང་གི་འགན་འཛིན་པ། མི་སྟོང་གིས་འཆར་འགོད་དང་མི་ཁྲི་ཡིས་འཆར་འགོད་བྱེད་པའི་ཆེད་མཁས་པ་སོགས་མཐོ་རིམ་འཇོན་མིའི་འབྲེལ་ཡོད་ཀྱི་ཆ་འཕྲིན་བསྡུ་རུབ་བྱས་ཏེ། ཞིང་ཆེན་ཡོངས་སུ་གཅིག་གྱུར་གྱི་མཐོ་རིམ་འཇོན་མིའི་མིང་ཐོའི་གྲངས་མཛོད་བསྐྲུན་རྒྱུ་དང་། དེ་མིན་ད་དུང་སྲིད་གཞུང་དང་ཚོང་ར། སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་ཐོན་ཁུངས་བསྡུ་སྒྲིག་བྱས་ནས། མཐོ་རིམ་འཇོན་མི་དང་ཚན་རྩལ་གྲུབ་འབྲས། མཐོ་གསར་རྣམ་གྲངས། གཟིགས་སྐྱོང་སྲིད་ཇུས། མ་དངུལ་མཉམ་འཇོག་དང་ཚོང་རའི་དགོས་མཁོ་ཁག་གཅིག་ཏུ་འདུས་པའི་དྲ་བའི་སྟེགས་བུ་ཞིག་བསྐྲུན་ཏེ། གསར་སྐྲུན་ལས་སྐྲུན་དང་། ཚན་རྩལ་དང་ཐོན་ལས། གྲུབ་འབྲས་དང་གཞན་སྒྱུར། རིམ་འགྱུར་དང་མ་འཇོག་སོགས་ཀྱི་ཆ་འཕྲིན་དང་འབྲེལ་མཐུད་བྱ་རྒྱུ་ཡིན་པར་མ་ཟད། ཚན་རྩལ་ཐོན་ཁུངས་སྒོ་འབྱེད་མཉམ་སྤྱོད་བྱེད་པའི་ནང་རྐྱེན་བཙུགས་ནས། ཨར་ལས་འདུ་འགོད་ཀྱི་ཚོད་ལྟ་ཁང་དང་ཨར་ལས་འདུ་འགོད་ཀྱི་ལག་རྩལ་ཞིབ་འཇུག་ལྟེ་གནས་སོགས་ཀྱིས་མཐོ་རིམ་འཇོན་མི་དང་ཆེད་མཁས་པ། ཁེ་ལས་བཅས་ལ་ཞབས་ཞུ་བསྒྲུབ་པར་སྐུལ་སློང་མཐུན་སྦྱོར་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1