མཛོད་དགེ་རྫོང་གིས་སློབ་འགོ་ཚུགས་པའི་ཉིན་དང་པོར་ཁྲིམས་ལུགས་དྲིལ་བསྒྲགས་སློབ་རར་བསྐྱོད་པའི་བྱེད་སྒོ་སྤེལ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-08


        ཉེ་ཆར། ན་གཞོན་སློབ་མའི་ཁྲིམས་སྐྱོངས་འདུ་ཤེས་དང་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས། ཁྲིམས་སྐྱོང་སློབ་གསོའི་འདུ་ཤེས་མཐོར་འདེགས་སུ་གཏང་སླད་མཛོད་དགེ་རྫོང་གིས་སློབ་འགོ་ཚུགས་པའི་ཉིན་དང་པོའི་དུས་ཚོད་དམ་འཛིན་བྱས་ནས། ཧུར་ཐག་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་རར་བསྐྱོད་པའི་བྱེད་སྒོ་སྤེལ།

        ཁྲིམས་སྐྱོང་འཆད་ཁྲིད་དང་བརྗོད་དོན་ཚོགས་འདུ། དྲིལ་བསྒྲགས་ཡིག་ཆ་འགྲེམ་སྤེལ། སློབ་མས་དངོས་སུ་ཚགས་པར་བཟོ་བ་སོགས་ཀྱི་རྣམ་པ་མང་པོ་སྤྱད་དེ《རྩ་ཁྲིམས།》《ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས།》《ནར་མ་སོན་པའི་མིའི་ཉེས་སྤྱོད་སྔོན་འགོག་བཅའ་ཁྲིམས།》སོགས་ཁྲིམས་ལུགས་སྒྲིག་སྲོལ་སྒྲོག་འགྲེལ་བྱས་ཏེ་ཁྲིམས་སྦྱངས་པ་དང་ཁྱིམས་སྤྱོད་པའི་ཁོར་ཡུག་བསྐྲུན་པར་མ་ཟད་ན་གཞོན་སློབ་མའི་ཁྲིམས་སྐྱོང་གི་འདུ་ཤེས་དང་རང་འགུལ་སྒོས་ཁྲིམས་ལུགས་ལ་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པའི་རང་རྟོག་གི་འདུ་ཤེས་མཐོར་འདེགས་སུ་བཏང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1