ཕྱག་ཕྲེང་རྫོང་གིས་གསུམ་བརྒྱད་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-10


    སྤྱི་ཟླ་3པའི་ཚེས་7ཉིན། ཕྱག་ཕྲེང་རྫོང་གིས་གསུམ་བརྒྱད་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཞབས་བྲོ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ། བྱེད་སྒོའི་ཁྲོད་རྒྱ་ཆེའི་བུད་མེད་རྣམས་ཀྱིས་ལུས་ལ་འཕྱོར་གོས་ཀྱིས་བརྒྱན་ཞིང་གར་གྱི་སྟངས་སྟབས་བསྒྱུར། ས་གནས་རང་གི་ཁྱད་ཆོས་ཀྱིས་ཕྱུག་པའི་ཞབས་བྲོ་འཁྲབ་སྟོན་གྱིས་རྒྱ་ཆེའི་ལྟད་མོ་བའི་མིག་དབང་ཅིག་ཅར་དུ་འཕྲོག 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1