ཟླ་3ཚེས་12ཉིན། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དུ་ལོ་རེར་ཐེངས་རེའི་དར་ཆེན་སྐུ་བཞེངས་གནང་བ་དང་། མང་ཚོགས་ཀྱིས་རྩམ་པ་གཤོ་རེས་ངང་གཡང་གསོལ་ཞུས་ཏེ་ལོ་གསར་པའི་ནང་ཆར་ཆུ་དུས་སུ་འབབ་པ་དང་འབྲུ་རིགས་ལོ་ལེགས་འབྱུང་བར་སྨོན་འདུན་ཞུས་པ་རེད།