མཛེས་སྡུག་འཆམ་མཐུན་གྱི་སི་ཁྲོན་འཛུགས་སྐྲུན་བྱ་དགོས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-15


        ཟླ་གསུམ་པའི་ཟླ་སྟོད་ཀྱི་《མི་དམངས་གླེང་སྟེགས།》དུས་དེབ་ཀྱིས་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་མིང་བཀོད་བརྩམས་ཆོས《མགྱོགས་མྱུར་སྒོས་མཛེས་སྡུག་འཆམ་མཐུན་གྱི་སི་ཁྲོན་འཛུགས་སྐྲུན་བྱས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་བསྡུ་འཚོགས་བྱེད་པར་བསུ་མ་བྱ་དགོས།》ཞེས་པ་སྤེལ།
        ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སི་ཁྲོན་གྱིས་ནན་ཏན་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབ་དང་རིམ་པ་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་ལག་བསྟར་དང་སློབ་སྦྱོང་བྱས་ཏེ། མཛེས་སྡུག་འཆམ་མཐུན་གྱི་སི་ཁྲོན་འཛུགས་སྐྲུན་བྱེད་པའི་འབད་བརྩོན་དམིགས་འབེན་གསལ་བོར་བཏོན།འདི་ནི་ཀྲུང་གོའི་ཕུགས་འདུན་ཁྲོད་ཀྱི་སི་ཁྲོན་བྱ་བའི་སྐོར་གྱི་གནས་ཚུལ་ཡིན་ལ། སྟོབས་འབྱོར་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན་ལྡན་པའི་སྤྱི་ཚོགས་རང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་སི་ཁྲོན་གྱི་བྱ་སྤྱོད་ཀྱང་ཡིན། 
        ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབ་དང་རིམ་པ་དང་རྒྱལ་སྐྱོང་སྲིད་འཛིན་གྱི་བསམ་བློ་གསར་པ་དང་འདུ་ཤེས་གསར་པ། འཐབ་ཇུས་གསར་པ་ལག་བསྟར་བྱས་ནས། འགན་འཁྲི་ཕྲག་ཏུ་ཁུར་བ་དང་། ཐོག་མའི་སེམས་འདུན་མི་བརྗེད་པར་མུ་མཐུད་དུ་མདུན་སྐྱོད་བྱས་ནས། མགྱོགས་མྱུར་ངངགམཛེས་སྡུག་འཆམ་མཐུན་གྱི་སི་ཁྲོན་འཛུགས་སྐྲུན་བྱས་ཏེ། ཧུར་ཐག་གིས་ཀྲུང་གོའི་ཕུགས་འདུན་ཁྲོད་ཀྱི་སི་ཁྲོན་གྱི་བྱ་བ་ལེགས་པོར་བསྒྲུབ་ནས་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱ་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1