དར་མདོ་ས་ཁུལ་གྱིས་གསུམ་པའི་བཅོ་ལྔའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།
མཁས་གྲུབ་ཀྱིས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-16
ཟླ3པའི་ཚེས15ཉིན། དར་མདོའི་མཛའ་གཞས་ཐང་ཆེན་དུ་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱེད་ཅིང་། ཁུལ་བཟོ་ཚོང་ཅུས་དང་ཁུལ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཨུ་ལྷན་གཉིས་ཀྱིས་སྒྲུབ་གཉེར་བྱེད་པའི “ཐུགས་བློ་བདེ་ཞིང་སྣང་བ་སྐྱིད་པའི་འཛད་སྤྱོད་གྲོང་ཁྱེར”འཛུགས་སྐྲུན་བྱེད་པའི་ལས་ཀའི་འགོ་ཚུགས་མཛད་སྒོ་དང་དར་མདོ་ས་ཁུལ་གྱི་གསུམ་པའི་བཅོ་ལྔའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
མིག་སྔར་གློག་རྡུལ་ཚོང་དོན་ལ་བརྟེན་ནས་དྲ་རྒྱའི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་། དེ་ནི་རང་རྒྱལ་གྱི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཏེ། འཛད་སྤྱོད་རྒྱ་སྐྱེད་གཏོང་བ་དང་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད། འཛད་སྤྱོད་པའི་རང་མོས་གདམ་ག་དང་རང་བདག་འཛད་སྤྱོད་བྱེད་པར་ནུས་པ་ཚད་མེད་ཐོན་གྱི་ཡོད་པ་རེད། ཡིན་ནའང་། དྲ་རྒྱའི་འཛད་སྤྱོད་ཁྱབ་ཁོངས་སུ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བའི་གནད་དོན་ཡང་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པས་དྲ་རྒྱའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་བཀའ་འགོག་ཐེབས་ཀྱི་ཡོད།
ཐེངས་འདིའི་བྱེད་སྒོ་རུ“དྲ་རྒྱར་ཡིད་རྟོན་དང་འཛད་སྤྱོད་སེམས་ཁྲལ་མེད།”ཅེས་པའི་བརྗོད་གཞིར་གཞིགས་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱེད་པའི་དྲིལ་བསྒྲགས་སྤེལ་བ་དང་། དེ་ལ་ནང་དོན་གྱི་ཐད་ནས་ཕྱོགས་གསུམ་ཡོད་དེ། གཅིག་ནི་དྲ་རྒྱའི་དཔལ་འབྱོར་དར་སྤེལ་འོག་ཡིད་རྟོན་གཉེར་སྐྱོང་བྱ་རྒྱུ་དང་། དྲ་ཐོག་གི་གཉེར་སྐྱོང་པའི་འགན་འཁྲིའི་འདུ་ཤེས་ཤུགས་ཆེར་གཏོང་བ་དང་། ཏན་ཏིག་གིས་ཁྲིམས་བཀོད་ཀྱི་འོས་འགན་འདུ་ཤེས་ཇེ་ཆེར་བཏང་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱ་དགོས། གཉིས་ནི་འཛད་སྤྱོད་པའི་གནས་ཚུལ་རྟོགས་དབང་དང་། གུན་གསབ་ལེན་དབང་། ཉོ་ཚོང་གི་དབང་ཆ་དང་དེ་བཞིན་བདེ་འཇགས་དབང་ཆ་སོགས་འཐུས་སྒོ་ཚང་བའི་དྲ་རྒྱའི་ལམ་ལུགས་འཛུགས་ཏེ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱ་དགོས། གསུམ་ནི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་འབྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དྲ་རྒྱའི་འཛད་སྤྱོད་པའི་སྤྱི་ཚོགས་མཉམ་བཅོས་སྲུང་སྐྱོབ་ཀྱི་ལས་སྟེགས་བསྐྲུན་པ་དང་། འཛད་སྤྱོད་སེམས་ཁུར་མེད་པའི་དྲ་རྒྱའི་འཛད་སྤྱོད་ཁོར་ཡུག་ལེགས་པོ་ཞིག་འཛུགས་སྐྲུན་བྱ་དགོས།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1