སྡེ་དགེ་རྫོང་གིས་གཅིག་སྡུད་སྒོས་ཚོང་རྫས་རྫུན་མ་དང་སྤུས་ཞན་ཁག་ཅིག་རྩ་མེད་དུ་བཏང་།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 03-17


         སྤྱི་ཟླ་3པའི་ཚེས་15ཉིན།  སྡེ་དགེ་རྫོང་གི་བཟའ་བཅའ་དང་སྨན་རྫས་བཟོ་ཚོང་སྤུས་ཀ་ལྟ་སྐུལ་དོ་དམ་ཅུས་དང་་ཐ་མག་ཆེད་ཚོང་ཅུས།  མཛད་སྤྱོད་པའི་ཁེ་དབང་སྲོང་སྐྱོང་ལྟེ་གནས་བཅས་ཀྱིས་གཅིག་སྡུད་སྒོས་ཚོང་རྫས་རྫུན་མ་དང་སྤུས་ཞན་ཁག་ཅིག་རྩ་མེད་དུ་བཏང་།

         བྱེད་སྒོའི་ཁྲོད་གཅིག་སྡུད་སྒོས་ཞོར་ཟས་དང་འབྲུ་རིགས། བཟའ་སྣུམ་དང་སིལ་ཁུ། དེ་མིན་དོ་དམ་བྱས་མེད་པའི་སྨན་རྫས་དང་འོད་སྡེར་བཅས་རིགས་ལྔའི་ཐོན་རྫས་2000ལྷག་རྩ་མེད་དུ་བཏང་། ཟས་དུག་སྔོན་འགོག་གི་དྲིལ་བསྒྲགས་པར་རིས་དང་འཛད་སྤྱོད་པའི་ཁེ་དབང་དོ་དམ་བྱེད་སྟངས།  དྲིལ་བསྒྲགས་ལག་དེབ་སོགས་ཡིག་ཆ་2000ལྷག་འགྲེམ་སྤེལ་བྱས། སྡེ་དགེ་རྫོང་བཟའ་བཅའ་དང་སྨན་རྫས་བཟོ་ཚོང་ཀྱི་སྤུས་ཀ་ལྟ་སྐུལ་དོ་དམ་ཅུས་ཀྱི་ཁྲོམས་རའི་མ་རྐང་གི་འགོ་འཛིན་པས་གསར་འགོད་པར།  རྫོང་དེ་གའི་ལོ་རེ་ལ་གཅིག་སྡུད་སྒོས་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལ་ཞིབ་བཤེར་བྱེད་པ་དང་དྲིལ་བསྒྲགས་བྱེད་སྒོ་ཐེངས་བཅུ་ལྷག་ལ་སྤེལ་བ་རེད། འབྲེལ་ཡོད་ཀྱི་སྡེ་ཚན་ཁག་གི་འབད་བརྩོན་འོག་སྡེ་དགེ་རྫོང་གི་བཟའ་བཅའ་དང་སྨན་རྫས་ཀྱི་ཁོར་ཡུག་ཇེ་བཟང་དུ་གྱུར། ཡིན་ནའང་གྲོང་གསེབ་ས་ཁུལ་དུ་ད་དུང་འདི་ལྟ་བུའི་གནད་དོན་ཡོད་པས་མུ་མཐུད་དུ་ཧུར་བརྩོན་བྱས་ཏེ་ཐག་བཅོད་ལེགས་པོ་བྱ་རྒྱུ་ཡིན་ཞེས་གསུངས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1