2030ལོར་རང་ཞིང་གི་མི་རེའི་ཆ་སྙོམས་ཀྱི་ཚེ་ཚད་ལོ་79ལ་སླེབས་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-22


        2030ལོར་རང་ཞིང་གི་མི་རེའི་ཆ་སྙོམས་ཀྱི་ཚེ་ཚད་ལོ་79ལ་སླེབས་རྒྱུ་སྟེ། བཙས་མ་ཐག་པའི་བྱིས་པ་ཚེ་ལས་འདས་པའི་བསྡུར་ཚད་དང་ལོ་ལྔའི་དམན་གྱི་བྱིས་པ་ཚེ་ལས་འདས་པའི་བསྡུར་ཚད། སྦྲུམ་མ་ཚེ་ལས་འདས་པའི་བསྡུར་ཚད་བཅས་5‰、6‰、ཁྲི12/10མར་མར་འབབ་ཏུ་འཇུག་རྒྱུ་རེད། སྤྱི་ཟླ་3པའི་ཚེས་20ཉིན་གྱི་སི་ཁྲོན་ཞིང་ཆེན་གྱི་འཕྲོད་བསྟེན་དང་བདེ་ཐང་གི་ཚོགས་འདུ་ཆེན་མོའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས《བདེ་ཐང་སི་ཁྲོན2030ལོའི་འཆར་འགོད་རྩ་གནད།》འགྲེམ་སྤེལ་བྱས་ཏེ་ཤུགས་ཆེན་པོས་བདེ་ཐང་གི་སི་ཁྲོན་འཛུགས་སྐྲུན་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་སུ་བཏང་། 
        རྩ་གནད་ལས་སི་ཁྲོན་གྱི་དངོས་ཡོད་གནས་ཚུལ་དང་འབྲེལ་དགོས་པའི་བླང་བྱ་བཏོན་པར་མ་ཟད། བདེ་ཐང་གི་སི་ཁྲོན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བསམ་བློ་གསལ་སྟོན་བྱས་པ་དང་བདེ་ཐང་གི་སི་ཁྲོན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་ཡུལ་བཏོན་པར་མ་ཟད། བདེ་ཐང་གི་སི་ཁྲོན་བསྐྲུན་པའི་བྱེད་ཐབས་གཙོ་བོ་གཏན་འབེབ་བྱས། སི་ཁྲོན་ཞིང་ཆེན་གྱིས་མི་དམངས་གཙོ་བོ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པར་མ་ཟད། གཞི་རིམ་གཙོ་གནད་ཡིན་པ་དང་བཅོས་བསྒྱུར་གསར་སྐྲུན་བྱེད་པ་དེ་སྒུལ་ཤུགས་སུ་བརྩི་བ། སྔོན་འགོག་བྱ་རྒྱུ་གཙོ་བོར་འཛིན་པ། ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་གཉིས་མཐུན་སྦྱོར་བྱེད་པ། བདེ་ཐང་སྲིད་ཇུས་ཁག་གི་ནང་དུ་མཐུན་སྦྱོར་བྱས་ཏེ་མཉམ་སྤྱོད་མཉམ་བསྐྲུན་གྱི་འཕྲོད་བསྟེན་དང་བདེ་ཐང་ལས་ཀའི་བྱེད་ཐབས་རྒྱུན་འཁྱོངས་བྱས་ནས། བདེ་ཐང་འདུ་ཤེས་ལ་མཐོང་ཆེན་དང་བདེ་ཐང་འཚོ་བ་ཁྱབ་བརྡལ། བདེ་ཐང་ཞབས་ཞུ་ལེགས་བཅོས། བདེ་ཐང་འགན་སྲུང་འཐུས་ཚང་། བདེ་ཐང་ཁོར་ཡུག་འཛུགས་སྐྲུན། བདེ་ཐང་ཐོན་ལས་འཕེལ་རྒྱས་སུ་བཏང་བ་བརྒྱུད་ཁྱོན་ཡོངས་ནས་མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་དང་མི་དམངས་ཀྱི་བདེ་ཐང་གི་ཆུ་ཚད་མཐོར་འདེགས་སུ་གཏང་རྒྱུ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1