སྐབས་96པའི་རྒྱལ་ཡོངས་ཆང་མངར་འགྲེམ་སྟོན་ཁྲེན་ཏུའུ་ནས་ཚོགས་འགོ་ཚུགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-23


        ཟླ་3པའི་ཚེས་23ཉིན་ནས་ཚེས་25ཉིན་གྱི་བར་དུ། སྐབས་96པའི་རྒྱལ་ཡོངས་ཀྱི་ཆང་མངར་བརྗེ་རེས་འགྲེམ་ཚོགས་དེ་ཁྲེན་ཏུའུ་ཡི་ཧྲི་ཅི་ཁྲེན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་གསར་པ་ནས་སྤེལ་རྒྱུ་ཡིན་པ་དང་། འདི་ནི་ཆང་མངར་འགྲེམ་སྟོན་ཁྲེན་ཏུའུ་ནས་སྤེལ་ཐེངས་28པ་ཡིན་ལ། འགྲེམ་སྟོན་ཁྲོད་ཞུགས་པའི་ཁེ་ལས་3000ལ་ཉེ་བའི་འགྲེམ་སྟོན་བརྗེ་རེས་དང་མཉམ་ལས་བགྲོ་གླེང་མཛད་རྒྱུ་རེད།
        ཆང་མངར་འགྲེམ་སྟོན་གྱི་སྐབས་སུ་བགྲོ་གླེང་བྱེད་སྒོ་མང་པོ་སྤེལ་རྒྱུ་ཡིན་ལ། ཟླ་3པའི་ཚེས་23ཉིན་ཐེངས་འདུའི་ཆང་མངར་གྱི་འགྲེམ་སྟོན་བརྗོད་བྱ་གཙོ་བོའི་གླེང་སྟེགས་དེ་ཀྲུང་གོའི་ཚོང་ལས་རིགས་ཀྱི་བརྗོད་བྱ་གཙོ་བོའི་ཚོགས་ཆེན་གྱི་གླེང་སྟེགས་འཚོགས་རྒྱུ་ཡིན་པ་དང་། དེ་ཀྲུང་གོའི་ཟས་རིགས་དང་ཆང་རིགས་ཀྱི་ལས་རིགས་གཞན་བསྒྱུར་དང་རིམ་འཕར། འཕེལ་རྒྱས་གཏོང་བ་བཅས་བརྗོད་བྱ་གཙོ་བོ་བོར་དམིགས་ནས་ལས་རིགས་འཕེལ་རྒྱས་ཀྱི་ད་ལྟའི་གནས་བབ་ལ་དབྱེ་ཞིབ་དང་། ལས་རིགས་འཕེལ་རྒྱས་ཀྱི་རྣམ་པ་ལ་དཔྱད་བསྡུར་གནང་སྟེ། སྐོར་ཐེངས་གསར་པའི་དཔལ་འབྱོར་འཛམ་གླིང་ཅན་དུ་བསྒྱུར་བའི་ནང་དོན་དང་ཀྲུང་གོའི་ཆང་རིགས་ཐོན་ལས་གཞན་སྒྱུར་རིམ་འཕར་ཡོང་བར་ཁ་གཏད་པའི་འགྲན་རྩོད་དང་གོ་སྐབས་ལ་ཞིབ་འཇུག་གནང་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1